སི་ཁྲོན་ཞིང་ཆེན་གྱིས་2016ལོའི་དུས་ཚིགས་བཞི་བའི་རྣམ་གྲངས་གལ་ཆེན་ཁག་གཅིག་བསྡུས་སྒོས་ལས་འགོ་ཚུགས་པ་དང་ཀྲུང་གོའི་ཚན་རིག་གླིང་ཁྲེན་ཏུའུ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-02


          སྤྱི་ཟླ་10པའི་ཚེས་31ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱིས་2016ལོའི་དུས་ཚིགས་བཞི་བའི་རྣམ་གྲངས་གལ་ཆེན་ཁག་གཅིག་བསྡུས་སྒོས་ལས་འགོ་ཚུགས་པ་དང་། ཀྲུང་གོའི་ཚན་རིག་གླིང་ཁྲེན་ཏུའུ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོའི་ཐོག་ཏུ་བཞུགས་པར་མ་ཟད་རྣམ་གྲངས་གལ་ཆེན་ཁག་གཅིག་བསྡུས་ལས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི། ཀྲུང་གོའི་ཚན་རིག་གླིང་གི་འགོ་ཁྲིད་པ་གཞོན་པ་ཝང་ཨེན་ཀོ་སོགས་ཀྱིས་ལས་འགོ་ཚུགས་པའི་མཛད་སྒོའི་ཐོག་ཏུ་གཏམ་བཤད་གནང་།
           ཝང་ཨེན་ཀོ་ཡིས་ཀྲུང་གོའི་ཚན་རིག་གླིང་གི་ཚབ་བྱས་ནས་ཀྲུང་གོ་ཚན་རིག་གླིང་ཁྲེན་ཏུའུ་སློབ་གླིང་གི་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་ལས་འགོ་ཚུགས་པར་རྟེན་འབྲེལ་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཝང་ཉིང་གིས་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་ལ་གཙོ་སྐྱོང་གནང་། ཁྲེན་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཐང་ལིའང་ཀྲི་ཡིས་ཚོགས་ར་གཙོ་བོ་ནས་ཁྲེན་ཏུའུ་ཡི་རྣམ་གྲངས་ལས་འགོ་ཚུགས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད། རྒྱལ་ཁབ་གློག་དྲྭ་དང་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སི། ཏའེ་དབྱང་དང་ནའེ་ཅང་། མེས་ཧྲན་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་རྣམས་ཀྱིས་བརྙན་ལམ་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་ལས་འགོ་ཚུགས་པའི་རྣམ་གྲངས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1