ལི་ཁེ་ཆང་གིས་རོམ་ཉི་ཡའི་ཙུང་ལི་ཆོའོ་ཀྲི་ཧྲི་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-07


        སྤྱི་ཟླ་11པའི་ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རོམ་ཉི་ཡའི་ཙུང་ལི་ཆོའོ་ཀྲི་ཧྲི་དང་གྲོས་མོལ་མཛད།
        ལི་ཁེ་ཆང་གིས་ཀྲུང་གོ་དང་རོམ་ཉི་ཡའི་མཛའ་བརྩེ་འབྲེལ་བ་ཤིན་ཏུ་ཟབ་་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་ལས་ལ་མཐོང་ཆེན་བྱས་ཏེ་རོམ་ཉི་ཡ་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་ཉིང་ནུས་དང་མེ་གློག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞིའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་མཉམ་ལས་ལ་ཤུགས་སྣོན་དང་ཕྱོགས་གཉིས་ཀྱི་ཚོང་ཟོང་སྙོམ་སྒྲིག་གོང་འཕེལ་ལ་སྐུལ་འདེད་གཏང་འདོད་པར་མ་ཟད།  དེ་མིན་མི་ཆོས་བརྗེ་རེས་ཕུན་སུམ་ཇེ་ཚོགས་དང་ཡུལ་སྐོར་མཉམ་ལས་ཤུགས་སྣོན་བྱས་ཏེ་མཉམ་དུ་ཀྲུང་གོ་དང་རོམ་ཉི་ཡའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་འདོད་ཞེས་བསྟན།
        ཆོའོ་ཀྲི་ཧྲི་ཡིས་རོམ་ཉི་ཡའི་ཕྱོགས་ནས་འབད་པ་ཆེན་པོས་ཀྲུང་གོའི་མཛའ་འབྲེལ་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་ཁེ་ལས་རོམ་ཉི་ཡར་ཕེབས་ནས་མ་དངུལ་འཇོག་པར་དགའ་བསུ་བྱེད་བཞིན་ཡོད། དེ་མིན་གྲུ་ཁ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཟབ་ཞུགས་བྱས་ནས་ཞིང་ལས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་ཏེ་ཉིང་ནུས་དང་མེ་གློག་སོགས་ལས་གཞི་ཆེན་པོའི་མཉམ་ལས་ལ་སྐུལ་འདེད་གཏང་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1