རྔ་བ་རྫོང་སྒོ་མང་ཡུལ་ཤོག་གི་སྡེ་མི་རྣམས་ཁོར་སྲུང་བྱེད་སྒོར་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-14


        ཉེ་ལམ། རྔ་བ་རྫོང་སྒོ་མང་ཡུལ་ཤོག་གིས་ཁྱོན་ཡོངས་ནས་དུས་ཡུན་ཉིན་གསུམ་གྱི་ཁོར་ཡུག་གཅེས་སྐྱོང་གི་བྱེད་སྒོ་སྤེལ། སྒོ་མང་ཡུལ་ཤོག་གི་སྡེ་བའི་ལས་བྱེད་པ་དང་ཏང་ཡོན་ལས་བྱེད་པས་སྡེ་མི་254སྣེ་ཁྲིད་དེ་སྲང་ལམ་དག་ཏུ་ཡུན་རིང་སྤུངས་པའི་གད་སྙིགས་དག་གཙང་སེལ་བྱས། 
        རྒྱུས་ལོན་བྱུང་བ་ལྟར་ན།  དག་གཙང་གི་སྒོ་མང་བསྐྲུན་པར་སྒོ་མང་ཡུལ་ཤོག་གིས་ཡུལ་ཤོག་དང་སྡེ་བ་གཉིས་མཉམ་འབྲེལ་བྱས་ཏེ་སྡེ་དམངས་ཚོགས་ཆེན་འཚོགས་ནས་སྡེ་མི་དག་ལ་གང་འདོད་དུ་གད་སྙིགས་འཕངས་པ་ལས་མིའི་བདེ་ཐང་དང་སྤྱི་ཚོགས་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཉེས་བྱས་གསལ་བཤད་བྱས་པ་དང་། བསམ་བློ་འདུ་ཤེས་ཀྱི་སྟེང་ནས་སྡེ་མི་དག་ལ་ཁོར་ཡུག་གཅེས་སྐྱོང་བྱ་དགོས་པའི་གལ་ཆེན་རང་བཞིན་རྟོགས་སུ་བཅུག དེ་མིན་སྡེ་བ་སོ་སོས་ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རང་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་ནས་ཆེད་དུ་སྡེ་བའི་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་དང་འཚོ་བའི་གོམས་གཤིས་ངན་པ་བཅོས་སྒྱུར་བྱེད་པར་འགན་ཁུར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1