སི་ཁྲོན་གྱིས་ཏང་ཡོན་ལས་བྱེད་པར་ཚད་ལྡན་གྱི་ཏང་ཡོན་དང་སྔོན་སྐྱོད་ཀྱི་ལས་བྱེད་པའི་ཁྲིད་སྟོན་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-15


               ལོ་ངོ་གསུམ་ལ་གནོད་རྗེས་བསྐྱར་སྐྲུན་བྱས་རྗེས། ལུའུ་ཧྲན་གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱུང་།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་བསྟོད་བསྔགས་བྱས། དེ་མིན་ཆིན་པ་རི་ཁུལ་དང་ཝུའུ་མོང་ས་ཁུལ། ལིའང་ཧྲན་ཆེ་ཆུང་དབྱིས་རིགས་ས་ཁུལ་སོགས་སུ་དབུལ་སེལ་འགག་སྒྲོལ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ས་གནས་གཙོ་བོ། བོད་རིགས་དང་དབྱིས་རིགས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་བཅས་ནས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་དང་སྤྱོད་ཚུལ་ལེགས་པ། སྤྱོད་གཙང་གཞུང་དྲང་། བྱ་བར་རྒྱུས་མངའ་ཡོད་པའི་ཏང་ཡོན་ལས་བྱེད་པ་སྐོར་ཅིག་གིས་སྔོན་ཐོན་མིག་དཔེའི་ནུས་པ་བཏོན་ནས། སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དུ་འཕེལ་རྒྱས་འགྲོ་བའི་ཐད་ལ་སྐུལ་འདེད་བཏང་།
               ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ནན་ཏན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཏན་འབེབ་དོན་ཚན་བཅུ་ཇུས་འགོད་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས། ཞིང་ཆེན་ཡོངས་སུ་སྔ་རྗེས་སུ་ངན་པ་རུལ་སུངས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱེད་སྒོ་ཐེངས་གསུམ་ལ་སྤེལ་བས། སྔོན་མར་ཚང་མས་བཅོས་ཐབས་མེད་པར་འདོད་པའི་སྤྱོད་ཚུལ་ངན་པ་དག་རྩ་བ་ནས་ལེགས་པར་བཅོས། 
               སི་ཁྲོན་གྱི་ཕྱོགས་གཅིག་ནས་གྱོད་གཞི་ཆེན་པོ་དང་གྱོད་གཞི་ཆུང་བ་མཉམ་གཅིག་ཏུ་རྡུང་རྡེག་བྱེད་པ་རྒྱུན་འཁྱོངས་བྱས་ནས། གྱོད་གཞི་ཆེན་མོ་སྐོར་ཅིག་རྩད་ཞིབ་ཐག་གཅོད་ནན་མོ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སི་ཁྲོན་གྱི་ཧུར་ཐག་གིས་ལས་བྱེད་པའི་ཐུགས་ཁུར་དང་སྐུལ་མ་གཏོང་བའི་བྱ་བ་ཐག་གཅོད་བྱས་ནས། སྔོན་ཐོན་གྱི་ཏང་རྩ་འཛུགས་དང་ཕུལ་བྱུང་གི་ཏང་ཡོན་ལས་བྱེད་པར་གཟེངས་བསྟོད་གནང་ཏེ། ལན་ཧུའེ་དང་འཇིག་མེད་རྡོ་རྗེ། པའེ་ཧྲི་ཤང་སོགས་སྔོན་ཐོན་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣའི་སྤྱོད་ཚུལ་ལ་སློབ་སྤྱོབ་བྱས་ནས། དོན་དངོས་ཐོག་གཞི་རིམ་གྱི་ལས་བྱེད་པའི་དཀའ་གནད་སེལ་བ་དང་ཚང་མས་ལས་གནས་ཀྱི་ཐོག་ཏུ་སྟོབས་ཤུགས་འདོན་པར་བསྟོད་སྐུལ་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1