ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྱི་དམངས་ཆེན་འཐུས་མིའི་འདེམ་ཤོག་འཕེན་པའི་འདེམ་བསྐོ་ལ་ཞུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-16



        སྤྱི་ཟླ་11པའི་ཚེས་15ཉིན་ནི་པེ་ཅིང་གྲོང་ཁྱེར་གྱི་ཆུས་དང་ཞང་གྲོང་རིམ་པ་གཉིས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེ་འདེམ་བསྐོའི་འདེམ་ཤོག་འཕེན་པའི་ཉིན་མོ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཁར་ནུབ་ཆུས་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོའེ་རིན་ཐང་འདེམ་ཤོག་འཕེན་པའི་ས་ཚིགས་སུ་ཕེབས་ཏེ་མཁར་ནུབ་ཆུས་དམངས་ཆེན་འཐུས་མིའི་འདེམ་ཤོག་འཕེན་པའི་འདེམ་བསྐོ་ལ་ཞུགས་པ་དང་། འདེམ་ཁུལ་དེའི་འདེམ་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་འདེམ་ཤོག་འཕེན་པར་ཞུགས།  ཞི་ཅིན་ཕིང་གིས་ཐེངས་འདིའི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་འདེམ་བསྐོ་ནི་རྒྱལ་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་རེད། འདེམ་བསྐོ་བྱ་བས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དམངས་གཙོ་དར་སྤེལ་རྒྱུན་འཁྱོངས་བྱ་དགོས་ལ། ཁྲིམས་ལྟར་གཟབ་ནན་གྱིས་དོན་དག་བསྒྲུབས་ནས་མི་དམངས་ཀྱི་འདེམ་བསྐོའི་དབང་ཆ་དང་གདམ་ཡུལ་དབང་ཆར་འགན་སྲུང་བྱ་དགོས། འདེམ་བསྐོ་བྱ་བའི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ལ་བཟོད་སྒོམ་མི་བྱེད་པར་འདེམ་བསྐོ་བྱ་བའི་སྤྱོད་གཙང་སྲོལ་བཟང་ལ་འགན་སྲུང་བྱ་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1