ཞི་ཅིན་ཕིང་གིས་ཆི་ལིའི་སྲིད་འཛིན་པ་ཆི་ལེ་ཏི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-24



        སྤྱི་ཟླ་11པའི་ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སན་ཐི་ཡ་གོ་ནས་ཆི་ལིའི་སྲིད་འཛིན་པ་ཆི་ལེ་ཏི་དང་གྲོས་མོལ་མཛད།
        ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཆི་ལི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྩེར་སོན་ཇུས་འགོད་ལ་ཤུགས་སྣོན་དང་རང་དབང་བཟོ་ཚོང་ཁུལ་གྱི་འཛུགས་སྐྲུན་འཐུས་ཚང་། དངུལ་འཇོག་མཉམ་ལས་རྒྱ་སྐྱེད་དུ་གཏོང་བ་དང་། ཚན་རྩལ་གསར་བཏོད་མཉམ་ལས་དང་དངམས་ཕན་ལས་ཀར་འབད་པ་བྱས་ཏེ་འཐབ་ཇུས་མཐུན་སྦྱོར་རིམ་འཕར་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཆི་ལི་ཡི་རྨང་གཞིའི་སྒྲིག་བཀོད་དང་དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ལ་ཟབ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་ངེས་པ་དང་། གཞན་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་མཉམ་ལས་རྒྱ་སྐྱེད་བྱེད་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་ཆོས་བརྗེ་རེས་ཀྱི་གོང་འཕེལ་ལ་རོགས་འདེགས་ཀྱི་ནུས་པ་འདོན་ཐུབ་ཅེས་བསྟན།
        པ་ཆི་ལེ་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆི་ལི་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་བྱེད་པ་དང་། ཐེངས་འདིའི་འཚམས་འདྲིས་ཆི་ལི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་ཕྱོགས་གཉིས་ཀྱི་ཆབ་སྲིད་གྲོས་མོལ་དང་དཔལ་འབྱོར་ཉོ་ཚོང་འབྲེལ་འདྲིས་ཇེ་མང་དུ་གཏང་ངེས། ཆི་ལི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་གོ་སྐབས་སུ་བཟུང་སྟེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་པར་མ་ཟད་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1