བལ་བོའི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་རབ་གནས་བྱེད་པའི་མཛད་སྒོ་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 11-24


                                                                                                                                

        སྤྱི་ཟླ་11པའི་ཚེས་20ཉིན། བལ་བོའི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་རབ་གནས་མཛད་སྒོ་ཆེན་མོ་གཟབ་རྒྱས་ངང་སྤེལ་ཞིང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོ་དང་རྒྱ་བརྒྱུད་ནང་བསྟན། བལ་བོའི་ས་གནས་རང་གི་ཆོས་ལུགས་མི་སྣ་སོགས་མཛད་སྒོར་ཞུགས། བལ་བོའི་མཆོད་རྟེན་བྱ་རུང་ཁ་ཤོར་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་ལྷུང་བཟེད་སྦུབ་པ་ལྟ་བུའི་མཆོད་རྟེན་དཀར་པོ་ཞིག་ཡིན་ཞིང་། ལོ་ངོ་1600ལྷག་གི་ལོ་རྒྱུས་ལྡན། 2015ལོའི་ས་འགུལ་ཆེན་པོས་མཆོད་རྟེན་གྱི་གཙོ་གཟུགས་ཀྱི་ཡ་ཐོད་ལ་གས་སྲུབས་བྱུང་བ་དང་མཆོད་རྟེན་ཆུང་བ་བརྡིབས། ལོ་ངོ་གཅིག་ལྷག་གི་ཉམས་གསོ་བརྒྱུད་མིག་སྔར་མཆོད་རྟེན་བྱ་རུང་ཁ་ཤོར་ལེགས་གྲུབ་བྱུང་བ་རེད།།

                                                                                                                                


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1