ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དགོས་པ།

ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-24


        སྤྱི་ཟླ་11པའི་ཚེས་23ཉིན། ཞིང་དཔོན་གཞོན་པ་ལོའི་ཅེ་གཡག་རྔ་རུ་ཕེབས་ནས་གནོད་རྗེས་སུ་ཐོན་ལས་བསྐྱར་གསོ་བསྐྱར་འཛུགས་དང་ཚན་རྩལ་གསར་སྐྲུན་བྱ་བར་རྟག་དཔྱོད་ཞིབ་འཇུག་གནང་བ་དང་། ཁོང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་མོ་ལྔ་སྲ་བརྟན་ཡོང་བར་བྱེད་པ་དང་། སྒྲིག་གཞི་སྙོམས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་བསྐྱར་འཛུགས་བྱེད་པ་མགྱོགས་སུ་གཏོང་བ། ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དགོས་ཞེས་ནན་གསུངས་གནང་།
        ལོའུ་ཅེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་ལྟར། མུ་མཐུད་དུ་བསམ་བློ་བཅིང་འགྲོལ་དང་སྒོ་འབྱེད་རྒྱ་བསྐྱེད་དུ་བཏང་ཐོག མགྱོགས་མྱུར་ངང་ཐོན་ལས་བསྐྱར་འཛུགས་ལ་སྐུལ་འདེད་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཐོན་སྐྱེད་བྱེད་པའི་ཐོན་ཚད་དེ་དམ་འཛིན་བྱེད་པ། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཐད་དུ་མ་འཇོག་བྱེད་པར་དམ་འཛིན་བྱེད་པ། གསར་དུ་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་ཁག་དོན་འཁྱོལ་ཡོང་བ་དམ་འཛིན་བཅས་བྱས་ནས། གླིང་ཁུལ་དེ་གཞི་རྟེན་ས་བྱས་ནས་གཅིག་བསྡུས་སྒོས་མུ་མཐུད་དུ་གནོད་རྗེས་བསྐྱར་འཛུགས་བྱེད་པའི་ནུས་པར་ཤུགས་སྣོན་དང་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སྣོན་དགོས། མུ་མཐུད་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གྱིས་གསར་སྐྲུན་བྱེད་པའི་གསོན་ཤུགས་སྐུལ་སློང་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་ཆེན་མོ་གཞན་སྒྱུར་རིམ་སྦར་ཡོང་བར་མགྱོགས་སུ་བཏང་ནས། ཁེ་ལས་སྟོབས་ལྡན་དང་རྒྱ་བསྐྱེད་གཏོང་བར་སྐུལ་འདེད་གཏང་དགོས། ནན་ཏན་གྱིས་དྲང་གསུམ་ནན་གསུམ་གྱི་བླང་བྱ་ལག་བསྟར་བྱས་ནས། གོམ་གང་མདུན་སྤོས་ཀྱིས་ལས་ཀའི་བྱེད་ཐབས་བསྒྱུར་བ་དང་། ནན་ཏན་གྱིས་གཞི་རིམ་ཏུ་བསྐྱོད་པ་དང་དཀའ་གནད་སེལ་བ། དོན་དངོས་སྒྲུབ་པ། དམངས་འཚོར་ཕན་པ་བཅས་ཀྱི་བྱེད་སྒོ་སྤེལ་ནས། ལས་ཀའི་འགན་འཁྲི་ཁག་དོན་འཁྱོལ་ཡོང་བར་བྱས་ཏེ། ལོ་ཧྲིལ་བོའི་དམིགས་ཡུལ་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1