རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-28


        སྤྱི་ཟླ་11པའི་ཚེས་27ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས། གྲོས་ཚོགས་ལས་ནན་ཏན་གྱིས་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་ཅང་ཞི་ཧྥིན་ཁྲིན་གློག་འདོན་བཟོ་གྲྭ་བརྡིབས་པའི་དོན་རྐྱེན་དང་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ལས་ཀའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་སློབ་སྦྱོང་བྱས། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དོགས་ཟོན་གྱི་འདུ་ཤེས་གོང་འཕེལ་དང་ནན་ཏན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་ལག་བསྟར་དང་ལྟ་སྐུལ་དང་སྔོན་འགོག་གི་བྱེད་ཐབས་ལ་ཤུགས་དྲག་ཏུ་གཏང་དགོས། དེ་མིན་གཏིང་ཟབ་སྒོས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ལས་ཀ་སྤེལ་ནས་དོན་རྐྱེན་ཆེན་པོ་བྱུང་བར་སྔོན་འགོག་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1