མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་གསར་པར་དཔྱད་བཤེར་གནང་བ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-29


        སྤྱི་ཟླ་11པའི་ཚེས་28ཉིན། ཨེ་སེ་ཨོ་ཕི་ཡ་ཡི་རྒྱལ་ས་ཨེ་ཏེ་སི་ཨ་པ་པ་རུ། ཨེ་སེ་ཨོ་ཕི་ཡ་ཡི་སྲིད་འཛིན་མུའུ་ལ་ཐུའུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་གི་སྐབས་11པའི་གྲོས་ཚོགས་འགོ་ཚུགས་པའི་མཛད་སྒོའི་སྟེང་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། 

        ཐེངས་འདིའི་གྲོས་ཚོགས་དེ་སྤྱི་ཟླ་11པའི་ཚེས་28ཉིན་ནས་སྤྱི་ཟླ་12པའི་ཚེས་2ཉིན་བར་འཚོགས་རྒྱུ་ཡིན་པ་དང་། དེའི་རིང་ལ། གྲོས་ཚོགས་ལ་ཡིག་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པར་སྙན་ཞུ་ཞུས་པའི་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་རྣམ་གྲངས་དང་གཞན་ཡིག་ཐོག་སྙན་ཞུ་37གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྩོམ་ཡིག་གི་མིང་ཐོའི་རྣམ་གྲངས་ལ་དཔྱད་བཤེར་གནང་།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1