ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཝན་ལི་སྐུ་འཁྲུངས་ནས་ལོ་འཁོར་100ལོན་པར་དྲན་གསོ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-06


        སྤྱི་ཟླ་12པའི་ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བློ་མཐུན་ཝན་ལི་སྐུ་འཁྲུངས་ནས་ལོ་འཁོར་100ལོན་པར་དྲན་གསོ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་དེང་སྐབས་ང་ཚོ་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བརྒྱ་ལོ་གཉིས་ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་སྐྱོད་བཞིན་ཡོད་ལ། གསར་བརྗེ་རྒན་རབས་པ་རྣམས་ཀྱིས་འབད་བརྩོན་བྱས་པའི་རླབས་ཆེན་ལས་དོན་དང་ཕུགས་འདུན་བཟང་བོ་རིམ་བཞིན་མངོན་འགྱུར་བྱུང་བཞིན་འདུག ང་ཚོས་རྒན་རབས་པ་རྣམས་ཀྱི་གསར་བརྗེའི་སྙིང་སྟོབས་དང་བླ་མེད་སྤྱོད་བཟང་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱས་ནས། འབད་པ་ཆེན་མོས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་བསྐྲུན་དགོས་ཞེས་བསྟན།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1