ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ནས་གཞི་རྩའི་སྨན་བཅོས་འགན་སྲུང་ལག་ལེན་བྱེད་པའི་གཅིག་གྱུར་དྲུག་གསལ་བོར་བྱས་པར་གྲོས་འཆམ་བྱུང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-29


        སྤྱི་ཟླ་12པའི་ཚེས་27ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་131བའི་ཚོགས་འདུའི་གཙོ་སྐྱོང་གནང་སྟེ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་པ་དང་། དབུལ་སེལ་འགག་སྒྲོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་དམངས་གི་གཞི་རྩའི་སྨན་བཅོས་འགན་སྲུང་གི་ལམ་ལུགས་བསྒྱུར་བཅོས་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
        ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དབུལ་སེལ་འགག་སྒྲོལ་གྱི་འཆར་འགོད་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སུ་དབུལ་སེལ་འགག་སྒྲོལ་གྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་14དང་སྔོན་དཔག་རང་བཞིན་གྱི་དམིགས་ཚད་13གཏན་ཁེལ་བྱས། དབུལ་ཕོངས་མི་འབོར་གཅིག་ཏུ་བསྡུས་ནས། ཐོན་སྐྱེད་དང་ཐོན་ལས་འཕེལ་རྒྱས། ཡུལ་གཞན་ཏུ་གནས་སྤོ་བྱེད་པར་བཀོད་སྒྲིག་དང་། དམའ་མཐའི་འཚོ་བའི་འགན་སྲུང་གི་སྲིད་ཇུས་སོགས་རིགས་བགར་བའི་བྱེད་ཐབས་གསལ་བོར་བྱས་ནས། དབུལ་ཕོངས་ས་ཁུལ་གྱི་འབུར་ཐོན་གནད་དོན་དང་། དབུལ་ཕོངས་ས་གནས་འཕེལ་རྒྱས་གཏོང་བའི་ནུས་པ་མཐོར་འདེགས་སུ་གཏོང་བ་ཐག་གཅོད་བྱེད་པར་དམིགས་ནས། དབུལ་ཕོངས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་བསྒྱུར་བཅོས་དང་དབུལ་ཕོངས་ས་ཁུལ་མགྱོགས་མྱུར་དུ་འཕེལ་རྒྱས་གཏོང་བ་སོགས་ལས་འགན་གཙོ་བོ་ཁག་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་བ་གསལ་བོ་བྱས། གྲོས་ཚོགས་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ནན་ཏན་གྱིས་འཆར་གཞི་ལག་བསྟར་བྱེད་པ་དང་། ལག་བསྟར་འབྲས་བུ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པ། མུ་མཐུད་དུ་ལམ་ལུགས་ནང་རྐྱེན་གསར་སྐྲུན་དང་། སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་། བྱེད་ཐབས་ལེགས་བཅོས་བཅས་བྱས་ཏེ། དབུལ་སེལ་འགག་སྒྲོལ་གྱི་བྱ་བར་སྔར་ལས་ནུས་ལྡན་གྱི་རྒྱལ་ཁ་ལེན་ཐུབ་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།།
             


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1