ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-29



        སྤྱི་ཟླ་12པའི་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་2016ལོའི་བྱ་བའི་ཡར་ཞུ་ལ་གསན་པར་མ་ཟད། 2017ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད། 
        ཚོགས་ཐོག་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་སྟེ། ཏང་ཡོན་དང་སྤྱི་ཚོགས་ཡོངས་མགོ་ཁྲིད་བྱས་ནས་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ལེན་པར་སྐུལ་འདེད་བཏང་བར་མ་ཟད། ཏང་ནང་གི་ཆབ་སྲིད་འཚོ་བའི་རྣམ་པ་ཇེ་ལེགས་སུ་སོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་ཐོབ། དེ་མིན་མི་དམངས་མང་ཚོགས་ཀྱིས་དེར་གཟེངས་བསྟོད་བྱས་པ་དང་། ཏང་སེམས་དང་དམངས་སེམས་སྔར་ལས་ཇེ་དྲག་ཏུ་བཏང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་དམ་པོར་བཅངས་ཏེ། ཏང་གི་སྒྲིག་ཡིག་ལས་གནང་བའི་འགན་འཁྲི་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་པས། བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་བྱུང་བ་དང་གྲུབ་འབྲས་གསར་བ་བླངས། ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བའི་ལམ་ལུགས་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་བཏང་། འདིས་ལམ་ལུགས་དམ་ཟབ་བྱེད་དགོས་པའི་བླང་བྱ་སྟོང་བཤད་མ་ཡིན་པ་མཚོན་ལ། ཁྱོན་ཡོངས་ནས་སྒྲིག་སྲོལ་དང་སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སྤྱོད་ལམ་བཞིའི་དག་ཐེར་ལ་ལྷོད་པ་མེད་ཅིང་ཉིན་རྒྱུན་གྱི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བྱས་ཏེ་ཉེན་ཁ་ཆུང་ངུ་རྣམས་མེད་པར་བཟོ་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་སྣང་ཚུལ་ཞིབ་བཤེར་བྱས་ནས་རུལ་སུངས་ཁྱབ་ཡམས་སུ་འགྲོ་པར་སྔོན་འགོག་བྱ་དགོས་ཞེས་བསྟན། 
        ཚོགས་ཐོག་ལས་ 2017ལོར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པ། ཐེངས་ལྔ་པ། ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱ་དགོས་ལ། སྣེ་ལྔ་གཞི་གཅིག་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་པ། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་འགན་འདྲི་བྱ་བར་གཙིགས་འཛིན་བྱེད་པ། སྲོལ་ངན་བཞི་ཡོ་བསྲང་བྱེད་པ། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་དག་གཙང་བྱེད་པ་བཅས་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པར་སྐུལ་འདེད་གཏང་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1