ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-05


        སྤྱི་ཟླ་དང་པོའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས། གྲོས་ཚོགས་སྟེང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ས་གནས་ཀྱིས་ལག་བསྟར་བྱེད་བཞིན་པའི་སྲིད་འཛིན་མཆན་འགོད་ཁག་ཅིག་ཡར་བསྐྱར་མེད་པར་གཏོང་བ་དང་སྲིད་འཛིན་ཆོག་མཆན་མཚམས་སྦྱོར་ཞབས་ཞུའི་དོན་དག་ཁག་ཅིག་གཙང་བཤེར་དང་ཚད་ལྡན་དུ་གཏང་རྒྱུར་ཐག་བཅད། དེ་མིན་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚོང་རའི་ལྟ་སྐུལ་དོ་དམ་གྱི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། འདྲ་མཉམ། ཁྲིམས་སྐྱོང་དང་སྟབས་བདེ། མངོན་གསལ་བཅས་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན་པར་མ་ཟད། སྲིད་གཞུང་གི་དོ་དམ་གསར་གཏོད་བྱེད་པ་དང་སྲིད་གཞུང་གི་ཞབས་ཞུའི་བྱ་བ་ཇེ་ལེགས་སུ་གཏོང་བ། སྒུལ་ཤུགས་གསར་རྙིང་མྱུར་འབྲེལ་མཐུད་བསྒྱུར་བཀོད་བྱེད་པར་བཀོད་སྒྲིག་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1