སི་ཁྲོན་ཞིང་ཆེན་གྱིས་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་དབུལ་སེལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-05


        སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་ཉེ་སྔོན《ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་དབུལ་སེལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར།》བཏོན།  བསམ་འཆར་ལས། སྣེ་འདྲེན་ཁེ་ལས་ཀྱིས་དབུལ་སེལ་འགག་སྒྲོལ་གྱི་ལས་འགན་ཡོད་པའི་རྫོང་དང་གྲོང་ཁྱེར། ཆུས་160ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སེལ་སྐོར་གྱི་བྱེད་སྒོ་སྤེལ་པར་སྐུལ་མ་དང་ཁྲིད་སྟོན་བྱས། 2020ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བཟོས་ཡོད་པའི་དབུལ་ཕོངས་གྲོང་ཚོ་11501ལ་སོ་སོར་མ་མཐའ་ཡང་ཁྱིམ་ཚང་1ཡན་གྱི་སྣེ་འདྲེན་ཁེ་ལས་ཀྱི་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། 60%ཡན་གྱི་རོགས་སྐྱོར་ཐོན་སྐྱེད་དང་ལས་ཞུགས་གོང་འཕེལ་གྱི་དབུལ་ཕོངས་མི་འབོར་དབུལ་སེལ་ཐུབ་པ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1