ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་སྲིད་འཛིན་ཨ་ཐ་མོའུ་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-09


        སྤྱི་ཟླ་དང་པོའི་ཚེས་དྲུག་ཉིན། ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་སྲིད་འཛིན་ཨ་ཐ་མོའུ་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཡིད་ཆས་རྒྱུན་ཆད་མེད་པར་གཏིབ་ཟབ་ཏུ་ཕྱིན་ཞིང་།  ཁྱོན་ཡོངས་ནས་དཔལ་འབྱོར་མཉམ་ལས་སྤེལ་བས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་མེད་ཀྱི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་བཞིན་པའི་གནད་དོན་གལ་ཆེན་ཐད་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་རོགས་འདེགས། མཉམ་ལས་དམ་ཟབ་བྱས། ཀྲུང་གོའི་ཕྱོགས་ནས་ཁེར་གྷི་སི་ཐན་དང་མཉམ་དུ་ཕྱོགས་གཉིས་ཀྱི་གྲོས་མཐུན་བཀོད་པའི་འབྲེལ་ཡོད་མཉམ་ལས་ཡིག་ཆ་ནན་གྱིས་ལག་བསྟར་བྱེད་པ་དང་། མཉམ་ལས་ལས་གཞི་གསར་པ་གསར་གཏོད་བྱས་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གཉིས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏང་འདོད་ཅེས་བསྟན། 
        ཨ་ཐ་མོའུ་པ་ཡེ་ཧྥུའུ་ཡིས་ལོ་ངོ་ཉེར་ལྔའི་རིང་ལ་ཁེར་གྷི་སི་ཐན་དང་ཀྲུང་གོ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་མི་ཆོས། བདེ་འཇགས་བཅས་ཁྱབ་ཁོངས་སུ་མཉམ་འབྲེལ་དམ་པོ་བྱས་ཤིང་། ཕྱོགས་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཐད་ནས་ལངས་གཅིག་མཐུན་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་པོའི་ཐད་ནས་ཕན་འབྲས་ལྡན་པའི་འབྲེལ་འདྲིས་དང་མཐུན་སྦྱོར་བྱས།  ཁེར་གྷི་སི་ཐན་ཕྱོགས་ནས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་ཟབ་ཞུགས་བྱས་ནས་རྒྱུད་གཅིག་ལམ་གཅིག་དང་ཡོ་རོབ། ཨེ་ཤ་ཡ་བཅས་ཀྱི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་ཀྱི་མཉམ་ལ་སྐུལ་འདེད་གཏང་འདོད། དེ་མིན་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1