ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-09


        སྤྱི་ཟླ་དང་པོའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། འདུ་ཤེས་གསར་པས་ལག་ལེན་གསར་བར་མཛུབ་སྟོན་བྱེད་པ་དང་མུ་མཐུད་དུ་རྒྱུན་ལྡན་དང་ཡུན་རིང་། གཟབ་ནན་དང་དངོས་གཉེར། གཏིང་ཟབ་པ་དང་ཞིབ་ཕྲ་བཅས་ཀྱི་ཐད་ལ་ཤུགས་བསྐྱེད་དགོས་ལ། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་རིག་གནས་ཡིད་ཆེས་ལ་བརྟེན་ནས་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས་པར་མ་ཟད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཟབ་ནན་དང་ཏང་ནང་ཁུལ་གྱི་ལྟ་རྟོག་ནུས་པ་ཇེ་ཆེར་གཏང་དགོས། དེ་མིན་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་དང་སྒྲིག་ལམ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ་དང་དུས་ཡུན་རིང་བོར་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་གཏིང་ཟབ་ཏུ་སྤེལ་བ་དང་མུ་མཐུད་དུ་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་པའི་གོ་རིམ་རང་བཞིན་དང་གསར་སྐྲུན་རང་བཞིན། ཕན་ནུས་རང་བཞིན་བཅས་ཇེ་དྲག་ཏུ་གཏང་དགོས་ཞེས་ནན་གྱིས་བསྟན། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲང་། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1