དྲ་བའི་ཟས་རིགས་ཉོ་ཚོང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


        ཟས་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་མ་ཟིན་དེ་སྤྱི་ཚེས་23ཉིན་ རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་རྒྱུར་ཐེངས་དང་པོར་སྐྱེལ་སྤྲོད་བྱས་པ་དང་།མ་ཟིན་གྱིས་ཆེད་མངག་གཏན་འབེབས་ཁ་སྣོན་བྱས་པ་དང་དྲ་བའི་ཟས་རིགས་ཉོ་ཚོང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད།མ་ཟིན་ནང་དྲ་བའི་བདེ་འཇགས་ཉོ་ཚོང་གི་ཕྱོགས་གསུམ་པའི་སྟེགས་བུ་མཁོ་འདོན་བྱེད་མཁན་གྱིས་དྲ་བའི་ཐོག་བྲིན་འཚོང་བྱེད་པའི་ཟས་རིགས་ཚོང་གཉེར་བྱེད་མཁན་ལ་དངོས་མིང་ཐོ་འགོད་བྱེད་རྒྱུ་དང་དྲ་བའི་ཐོག་ཟས་རིགས་ཚོང་གཉེར་བྱེད་མཁན་གྱི་བདེ་འཇགས་དོ་དམ་འགན་དཀྲི་གཏན་འབེབས་ཁ་གསལ།ཁྲིམས་ལྟར་ཟས་རིགས་ཐོན་སྐྱེད་ཚོང་གཉེར་ཆོག་འཐུས་ལེན་རིགས་དང་ད་དུང་དེའི་ཆོག་འཐུས་ལག་ཁྱེར་ལ་འདྲི་དཔྱོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།འཛད་སྤྱོད་པས་དྲ་བའི་ཐོག་གི་ཟས་རིགས་ཉོ་འཚོང་བྱེད་མཁན་ཕྱོགས་གསུམ་པའི་སྟེགས་བུའི་ཉོ་སྒྲུབ་ཟས་རིགས་བརྒྱུད་དེ་དེའི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་ཕོག་རིགས་དྲ་བའི་ཐོག་ཟས་རིགས་ཚོང་གཉེར་བྱེད་མཁན་ནམ་ཟས་རིགས་ཐོན་སྐྱེད་བྱེད་མཁན་ལ་གུན་གསབ་འཇལ་དགོས་པའི་བླང་བྱ་འདོན་ཆོག་གི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1