ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་ཆེད་རམས་པ་དང་ཁེ་ལས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-16


        སྤྱི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་ལས་མཁས་པ་དང་ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས《སྲིད་གཞུང་བྱ་བའི་སྙན་ཞུ།(བསམ་འཆར་བསྡུ་ལེན་མ་ཡིག)སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་མཉན། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལི་གྲོས་ཚོགས་སུ་ཞུགས།  
        ལི་ཁེ་ཆང་གིས་ཆེད་ལས་མཁས་པ་དང་ཁེ་ལས་ལས་རིགས་ཀྱི་མི་སྣའི་བསམ་འཆར་ལ་གསན་པར་མ་ཟད་ཁོ་ཚོ་དང་གཏིང་ཟབ་པའི་གླེང་མོལ་མཛད། འདས་ཟིན་པའི་ལོ་གཅིག་གི་ནང་དུ་རྒྱལ་ཁབ་ཕྱི་ནང་གི་ཛ་དྲག་ཡིན་པའི་གནས་བབ་ལ་ཁ་གཏོད་དུས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་དམ་ཟབ་དང་དཀའ་ཁག་ཁྱད་དུ་བསད་ནས་ཀྲུང་གོའི་དཔལ་འབྱོར་དཔལ་འབྱོར་བརྟན་བརླིང་ངང་གོང་འཕེལ་དུ་ཕྱིན་པ་དང་ལས་ཞུགས་གནང་བབ་ཇེ་ལེགས་སུ་གྱུར་བར་མ་ཟད། སྲོལ་རྒྱུན་སྒུལ་ཤུགས་བཅོས་སྒྱུར་དང་སྒུལ་ཤུགས་གསར་པ་སྐྱེད་སྲིང་། དཔལ་འབྱོར་སྒྲིག་གཞི་འཕར་སྣོན་གྱི་གོམ་ཁ་ཇེ་མགྱོགས་སུ་སོང་། དེ་མིན་དངམས་ཚིས་ལེགས་བཅོས་ལ་གྲུབ་འབྲས་བཟང་པོ་ཐོབ། ཀྲུང་གོའི་འཕེལ་རྒྱས་ཀྱི་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་གྱི་བྱས་རྗེས་ཀྱང་ཇེ་མཐོར་ཕྱིན་ཞེས་བསྟན།
        ལི་ཁི་ཆང་གིས་ད་ལོར་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་དགོས་ན་བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ལ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་འཁྱོལ་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་གཙོ་བོར་བཟུང་སྟེ། འདོར་གསུམ་འཕྲི་གཅིག་གསབ་གཅིག་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། དོན་དངོས་ཀྱི་བྱ་བའི་ཁྲོད་ཆེ་ཕྱོགས་ནས་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པའི་སྔོན་དཔག་རང་བཞིན་དང་གནད་སྨིན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བའི་གནས་བབ་བཟང་བོ་ཇེ་བརྟན་དུ་གཏོང་དགོས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབས་ཏེ། དབང་ཆའི་གསལ་འདོན་དང་འགན་འཁྲིའི་གསལ་འདོན་གཏན་འཁེལ་དང་ལག་བསྟར་བྱ་དགོས། སྒུལ་ཤུགས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱེད་པ་དང་། ཁྲིམས་ལྟར་རྗེས་ལུས་ཐོན་ནུས་མེད་པར་བཏང་སྟེ། སྔར་ལས་བཟང་བའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་གསར་བ་དང་ལས་རིགས་གསར་བ་མྱུར་དུ་སྐྱེད་སྲིང་བྱས་ཏེ། སྲོལ་རྒྱུན་ཐོན་ལས་བཅོས་སྒྱུར་དང་ཇེ་ལེགས་སུ་གཏོང་བ་དང་། དངོས་ཕུང་དཔལ་འབྱོར་རིམ་སྤོར་བྱེད་པར་སྐུལ་འདེད་གཏང་དགོས། དམངས་ཚིས་ལ་ཁག་ཐེག་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ཏེ། གཞི་རྩར་འགན་སྲུང་བྱེད་པ་དང་རྨང་གཞིའི་བྱ་བར་གཙིགས་འཛིན་བྱས་ནས། སྨུག་རྡུལ་སོགས་དམངས་ཚིས་ལ་འབྲེལ་བ་དམ་པོ་ཡོད་པའི་གནད་དོན་ཐད་ལ་ཆེད་མཁས་པ་རྩ་འཛུགས་བྱས་ནས་ཆེད་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། སྔོན་འགོག་བྱེད་ཐབས་ལ་ཤུགས་བསྣན་ཏེ། དམངས་ཚིས་ལ་ཁག་ཐེག་དང་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1