༄༅།།ཟླ་མཚན་འབབ་སྐབས་ཀྱི་ནད་ཀྱི་རྟགས་དང་བཅོས་ཐབས་སྐོར།

འབྲུག་མོ་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་དྲ་བ། སྤེལ་དུས། 01-22


        ཟླ་མཚན་འབབ་སྐབས་ཀྱི་ནད་ཅེས་པ་ནི་མང་ཆེ་བ་བྱིས་པ་བཙའ་མ་མྱོང་བའི་བུད་མེད་ལ་ལར་འབྱུང་བཞིན་ཡོད་པ་དང་། ཡང་ན་མ་ལ་ཟླ་མཚན་འབབ་སྐབས་ཀྱི་ནད་ཡོད་ན་དེའི་བུ་མོར་ཡང་རྒྱུད་འདེད་རང་བཞིན་གྱི་ནད་གཞི་དེ་ཡོད་པ་རེད།
རྒྱུ་རྐྱེན།
        མ་ལ་རྒྱུད་འདེད་ཀྱི་ནད་གཞི་དེ་མེད་ན། ཟས་སྤྱོད་དང་གཙང་སྦྲ། འཕྲོད་བསྟེན་བཅས་ལ་དོ་སྣང་མ་བྱས་པར་ཟླ་མཚན་སྔོན་མ་འབབ་དུས་ལུས་ཁམས་ཀྱི་འགོག་ཤུགས་རྒྱུན་ལྡན་ལས་ཅུང་ཞན་པའི་ཁར། ས་རྡུལ་གྱི་གནས་སུ་ལས་ཀ་ལས་པ་དང་། འདོམས་ཤོག་གཙང་མ་མ་ཡིན་པ་དག་སྐྱེ་སྒོར་བཞག་པ་སོགས་ཀྱིས་སྐྱེ་ལམ་དང་བུ་སྣོད་དུ་འབག་བཙོག་ཐེབས་པ་དང་། ལུས་ཤུགས་ཀྱིས་ངལ་རྩོལ་བྱས་དྲགས་པ། ཞོན་པ་བཞོན་པ། རྐང་ཐང་དུ་སོང་དྲགས་པ། ཆུ་གྲང་ནང་ལས་ཀ་བྱས་པ་བཅས་ཀྱིས་མོ་ནད་ཁྲག་ཚབས་ཀྱི་ནད་གཞི་བསྐྱེད་པས་ཟླ་མཚན་དུས་ཀྱི་ནད་འདི་བསྐྱེད་པ་རེད། 
                                                                                                                                                                          ནད་རྟགས
        ཟླ་མཚན་འབབ་སྐབས་ཀྱི་ནད་རྟགས་ལ། ཟླ་མཚན་འབབ་ཁ་དང་ཡང་ན་ཟླ་མཚན་འབབ་པའི་དུས་སུ་རྒྱུ་ཞབས་དང་མཁལ་རྐེད་ན་བ། སེམས་འཚབ་པ་དང་སྙིང་ཁམས་མི་བདེ་བ། ངོ་གདོང་དང་རྐང་ལག་སྐྲངས་པ། སྐབས་རེར་རྒྱུ་ཞབས་སྦོས་རྒྱངས་བྱེད་པ། ཟླ་མཚན་འབབ་ཚུལ་ལ་ཆོས་ཉིད་མེད་པ་སོགས་ཀྱི་སྣང་ཚུལ་ཡོད།
        མཉམ་འཇོག་བྱེད་དགོས་པ་ནི་ཟླ་མཚན་འབབ་པའི་དུས་སྐྱེ་སྒོ་ཕྱིའི་གཙང་སྦྲར་དོ་སྣང་བྱེད་དགོས་པ་དང་། གསང་ཤོག་སྟེ་འདོམས་ཤོག་གཙང་མ་སྤྱོད་པ། ཟླ་མཚན་དུས་འཁྲིག་སྤྱོད་སྤང་བ། ལུས་ཚེགས་དྲགས་པ། ཆུ་གྲང་ནང་ལས་ཀ་བྱེད་པ་སོགས་སྤང་དགོས།  
 གསོ་ཐབས། 
        བོད་ལྗོངས་སྨན་རྩིས་ཁང་གི་མོ་ནད་ཚན་ཁག་གི་སྨན་པ་དཔལ་ལྡན་འཕྲིན་ལས་ལགས་ཀྱིས་ལོ་མང་རིང་ཞིབ་འཇུག་བྱས་ནས་བཟོས་པའི་གཉན་འཇོམས་དྲུག་པ་ཞེས་པའི་སྨན་དེ་ཟླ་མཚན་འབབ་སྐབས་ཀྱི་ནད་ལ་ཤིན་ཏུ་བཟང་། སྤྱིར་བུད་མེད་མང་ཆེ་བར་གཉེན་སྒྲིག་བྱས་ནས་བྱིས་པ་བཙས་རྗེས་ནད་གཞི་དེ་རིམ་བཞིན་ཇེ་བདེ་རུ་འགྲོ་བ་ཡིན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1