གཙོ་ངོས།>> སི་ཁྲོན་གསར་འགྱུར།>>དཀར་མཛེས།

འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༡༥ཉིན།

བྲག་འགོ་རྫོང་གིས་ནན་ཏན་སྒོས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་ཀ་བསྒྲུབས།

        ཉེ་ལམ། ཐོན་སྐྱེད་བདེ་འཇགས་ལས་ཀའི་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། ཏང་སྲིད་འོས་འགན་མཉམ་བཞེས་དང་ལས་གཅིག་འགན་ཟུང་། ཡོངས་འཛིན་མཉམ་ཁུར་གྱི་ཐོན་སྐྱེད་བདེ་འཇགས་འོས་འགན་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་། རིགས་སོ་སོའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་སྔོན་འགོག་དང་རྫོང་ཡོངས་ཀྱི་ཉེ་བའི་ཐོན་སྐྱེད་བདེ་འཇགས་ཀྱི་གནས་བབ་གཏན་འཇགས་ཡོང་བར་འགན་སྲུང་བྱས། 
        གལ་ཆེའི་ལས་རིགས་ཁྱབ་ཁུངས་ཀྱི་ལྟ་སྐུལ་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་སྡེ་ཁག་དང་ཡུལ་ཤོག(གྲོང་རྡལ)སོ་སོའི་འགྲིམ་འགྲུལ་བདེ་འཇགས་མངོན་མེད་རྐྱེན་ངན་ལ་ལྟ་སྐུལ་བྱེད་པ་དང་། ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དོ་དམ་ཤུགས་ཆེ་རུ་བཏང་།
        སྐབས་བསྟུན་ལས་སྲུང་ལ་ཤུགས་སྣོན་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་དམིགས་ནས། འབྲེལ་ཡོད་སྡེ་ཁག་གིས་སྔོན་བསྒྲགས་དང་སྔོན་བརྡ། སྔོན་འགོག་བཅས་ཀྱི་བྱ་བ་གོམ་གང་མདུན་སྤོས་ཀྱིས་ཤུགས་ཆེ་རུ་བཏང་བར་མ་ཟད། ཆུ་ཚོད་24ལ་ལས་རེས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་འགན་འཁྲི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།
        དྲིལ་བསྒྲགས་ལྟ་ཞིབ་ཤུགས་ཆེ་རུ་བཏང་ནས། འབྲེལ་ཡོད་སྡེ་ཁག་གིས་ཆེད་གཉེར་རྣམ་གྲངས་ཀྱི་ཞིབ་བཤེར་རྒྱ་ཆེར་སྤེལ་བ་དང་། ཐོན་སྐྱེད་བདེ་འཇགས་ལས་ཀའི་དྲིལ་བསྒྲགས་སློབ་གསོ་དང་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་བྱས། ཐོན་སྐྱེད་བདེ་འཇགས་བྱ་བ་དོན་ཐོག་ཏུ་མ་འཁྱོལ་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་བྱུང་ཚེ།  ཁྲིམས་ལྟར་གཟབ་ནན་ངང་འབྲེལ་ཡོད་མི་སྣའི་འགན་འཁྲི་ལ་རྩད་གཅོད་བྱ་ངེས།། 
                       


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1