གསར་དུ་རྩོམ་པའི་ལེ་ཚན།

ངེད་རྩོམ་སྒྲིག་པུའུ་ནས། རྩོམ་སྒྲིག་པ།སྒྲོལ་མ་ལྷ་མོ།ཡོང་ཁུངས།ྨིམི་རིགས། སྤེལ་དུས། 02-15


   

     མཛའ་བརྩེ་ལྡན་པའི་ཀློག་པ་པོ་དང་རྩོམ་པ་པོ་རྣམ་པ་ཚོར་སྐུ་གཟུགས་བདེ་ཐང་ཞུ། ཁྱོད་ཚོས་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་ཐུགས་འཁུར་བྱས་པའི་འོག མི་རིགས་དུས་དེབ་བོད་ཡིག་དཔེ་དེབ་ཐེངས་གཉིས་པ་དཔེ་སྐྲུན་བྱེད་ཐུབ་པ་བྱུང་ཡོད། འདི་གར་ཚང་མར་བཀའ་དྲིན་ཆེ་ཞུས་པ་ཡིན། ཐེངས་འདིའི་དུས་དེབ་ནང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་བཀོད་ཡོད་ཅིང་། འདི་ནི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྩ་བའི་རང་བཞིན་གྱི་སྲིད་ཇུས་ཤིག་ཡིན་པ་རེད། ཁོང་གི་གསུང་བཤད་ནང་དོན་གཙོ་བོ་ནི་ཏང་གི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་ཆོས་དད་རང་མོས་སྐོར་གྱི་ཏང་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་ལག་བསྟར་བྱེད་པ། ཏང་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་བྱེད་པ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་ལ་མངོན་གསལ་དོད་པོས་ཤུགས་སྣོན་བྱེད་པ། ཆོས་ལུགས་བྱེད་སྒོ་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡིན་ཞིང་། ཆོས་ལུགས་གནད་དོན་སྐོར་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ནི་ཡང་དག་པ་ཡོང་བ་ལག་ལེན་བསྟར་བ་བྱེད་དགོས།

   གཞི་རིམ་གྱི་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དང་དོན་འཁྱོལ་བྱེད་བའི་སྐབས་སུ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་གང་ཡོད་དེ་ཚོ་ངེད་དུས་དེབ་ཁང་ལ་གནང་རོགས་ཀྱི་རེ་བ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1