སི་ཁྲོན་རྔ་བ་ཁུལ་གྱི་བོད་ལུགས་ཀྱི་མིག་མངས་སོགས་ལས་གཞི་14ཞིང་ཆེན་རིམ་པའི་མངོན་མེད་ཤུལ་བཞག་མིང་ཐོ་རུ་བཀོད།

སྒྲོལ་མ་ཚེ་བརྟན་ནས་བསྒྱུར། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-02


ཉེ་ལམ།  སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི་སྐོར་བཞི་པའི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་ལས་གཞི་དང་སི་ཁྲོན་ཞིང་ཆེན་གྱི་མངོན་མེད་ཤུལ་བཞག་རིག་གནས་རྒྱ་སྐྱེད་ལས་གཞི་སྤྱི་འགྲེམ་བྱས།

རྔ་བ་ཁུལ་གྱི་བོད་ཀྱི་ཐང་ག    བོད་ཀྱི་ཡིག་གཟུགས།     བོད་སྤོས་ལག་རྩལ་སོགས་རྣམ་གྲངས་14ཞིང་ཆེན་རིམ་པའི་མངོན་མེད་རིག་གནས་ཤུལ་བཞག་གི་མིང་ཐོ་རུ་ཚུད།

མིག་སྔར།  རྔ་བ་ཁུལ་དུ་ཞིང་ཆེན་རིམ་པའི་མངོན་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་ལས་གཞི་66ཡོད།

      ལོ་འདི་འགའི་རིང་དུ། རྔ་བ་ཁུལ་གྱིས་མངོན་མེད་རིག་གནས་ཤུལ་བཞག་བདག་སྐྱོང་དང་རྒྱུད་འཛིན་བྱས་པ་དང་། ཧུར་ཐག་གིས་རིམ་པ་སོ་སོའི་མངོན་མེད་རིག་གནས་ཤུལ་བཞག་ཚབ་མཚོན་རང་བཞིན་གྱི་ལས་གཞི་དང་། ལས་གཞི་འཚོལ་བ། རྒྱུད་འཛིན་པ་བཅས་གཅིག་གྱུར་གྱི་རྣམ་པ་བསྐྲུན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་དང་། རྒྱལ་རོང་རིག་གནས་ཞིབ་འཇུག་ཚོགས་པ་སོགས་བཙུགས་ནས་གོམ་གང་མདུན་སྤོས་ཀྱིས་རྔ་བ་ཁུལ་གྱི་མངོན་མེད་རིག་གནས་ཤུལ་བཞག་ཚབ་མཚོན་རང་བཞིན་གྱི་ལས་གཞི་རྒྱུད་འཛིན་དང་དར་སྤེལ་བཏང་།   ལྷག་པར་དུ་མི་རིགས་རིག་གནས་བརྗེ་རེས་ཀྱི་ནུས་ཚད་ཇེ་མཐོར་བཏང་ནས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་དང་ངོ་སྦྱོར་བྱས་ཏེ།  མུ་མཐུད་ནས་རྔ་བའི་མི་རིགས་རིག་གནས་ཀྱི་འགྲན་རྩོད་དང་དགེ་མཚན་ནུས་པ་མཐོར་འདེགས་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1