གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༠༣ཉིན།

སི་ཁྲོན་ཞིང་ཆེན་གྱིས་སློབ་ཆེན་དཀྱུས་མའི་སློབ་མ་ཟླ་7པའི་ཚེས་14ཉིན་ནས་དངོས་སུ་བསྡུ་རྒྱུ།

ད་ལོའི་སི་ཁྲོན་ཞིང་ཆེན་གྱི་མཐོ་རྒྱུགས་དཀྱུས་མའི་སློབ་མ་བསྡུ་བའི་ལས་ཀ་དངོས་སུ་ལག་བསྟར་བྱས།   བཀོད་སྒྲིག་བྱས་པ་ལྟར་ན་དངོས་གཞི་སློབ་མ་ཟླ་7པའི་ཚེས་6ཉིན་དངོས་སུ་བསྡུ་འགོ་རྩོམ་རྒྱུ་ཡིན་ལ་དངོས་གཞི་སློབ་མའི་རིམ་པ་དང་པོ་དེ་ཟླ་7པའི་ཚེས་14ཉིན་ནས་བསྡུ་རྒྱུ་དང་།  ཆེད་སྦྱོང་སློབ་མའི་རིམ་པ་དང་པོ་དེ་ཟླ་8པའི་ཚེས་8ཉིན་དངོས་སུ་བསྡུ་རྒྱུ་རེད།
ཟླ་7པའི་ཚེས་6ཉིན་ནས་ཚེས་9ཉིན་གྱི་བར།   དངོས་གཞིའི་སློབ་མ་བསྡུ་རྒྱུ། ཟླ་7པའི་ཚེས་11ཉིན།   དཔལ་འབྱོར་དཀའ་ཁག་ཆེ་བའི་ས་ཁུལ་ཏུ་ཁ་གཏད་ནས་ཆེད་དམིགས་སློབ་མ་བསྡུ་རྒྱུ།(རྒྱལ་ཁབ་ཀྱི་ཆེད་དམིགས་འཆར་གཞི།) ཟླ་7པའི་ཚེས་13ཉིན།  ས་ཁུལ་གྱི་སློབ་ཆེན་གྱིས་ཞིང་སྡེའི་ཆེད་དམིགས་སློབ་མ་བསྡུ་རྒྱུ།(ས་ཁུལ་གྱི་ཆེད་དམིགས་འཆར་གཞི།)
ཟླ་7པའི་ཚེས་14ཉིན་ནས་ཚེས་17ཉིན་བར།  དངོས་གཞི་སློབ་མའི་རིམ་པ་དང་པོ་བསྡུ་རྒྱུ།
ཟླ་7པའི་ཚེས་21ཉིན།  ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་རིམ་པ་ཞིང་སྡེའི་འོས་འགན་སློབ་གསོའི་རིན་མེད་ཆེད་གཉེར་སློབ་གྲྭའི་སློབ་མ་བསྡུ་རྒྱུ།(རོལ་མོ་དང་།  ལུས་རྩལ།  མཛེས་རྩལ་སོགས་ཀྱི་ཆེད་ལས་ཕུད།)
ཟླ་7པའི་ཚེས་22ཉིན་ནས་ཚེས་25ཉིན་གྱི་བར།  དངོས་གཞི་སློབ་མའི་རིམ་པ་གཉིས་པ་བསྡུ་རྒྱུ། ཟླ་7པའི་ཚེས་31ཉིན་ནས་ཟླ་8པའི་ཚེས་2ཉིན་བར། དངོས་གཞི་སློབ་མའི་རིམ་པ་གསུམ་པ་བསྡུ་རྒྱུ། ཟླ་8པའི་ཚེས་6ཉིན་ནས་ཚེས་7ཉིན་བར། ཆེད་སྦྱོང་སློབ་མ་བསྡུ་འགོ་བརྩམ་རྒྱུ། ཟླ་8པའི་ཚེས་8ཉིན་ནས་ཚེས་11ཉིན་བར།  ཆེད་སྦྱོང་སློབ་མའི་རིམ་པ་དང་པོ་བསྡུ་རྒྱུ། ཟླ་8པའི་ཚེས་15ཉིན་ནས་ཚེས་18ཉིན་བར། ཆེད་སྦྱོང་སློབ་མའི་རིམ་པ་གཉིས་པ་བསྡུ་རྒྱུ། ཟླ་8པའི་ཚེས་20ཉིན་ནས་ཚེས་21ཉིན་བར།  བོད་ཁུལ་གྱི་1+2དང་མཐོ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭས་སློབ་མ་བསྡུ་རྒྱུ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1