ཀན་ལིན་གྱིས་རང་རེའི་ཞིང་ཆེན་གྱི་གསར་འགྱུར་སྨྱན་སྦྱོར་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དྲིལ་བསྒྲགས་ལས་ཀར་མཛུབ་སྟོན་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-03


        

        རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བ་དང་བསྟུན། སྤྱི་ཟླ་3པའི་ཚེས་2ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀན་ལིན་ཆེད་དུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཐོག་ཕེབས་པའི་སི་ཁྲོན་གྱི་འཐུས་མི་ཚོགས་པའི་བཅའ་སྡོད་བྱེད་གནས་སུ་ཕེབས་ནས། བཅར་འདྲི་མཁན་དང་སྒྲིག་སྦྱོར་མི་སྣ་རྣམས་ལ་སྙིང་ཉེ་བའི་མཚམས་འདྲི་ཞུས་པར་མ་ཟད། རང་རེའི་ཞིང་ཆེན་གྱི་གསར་འགྱུར་སྨྱན་སྦྱོར་དྲིལ་བསྒྲགས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་བསྒྲགས་པའི་བྱ་བར་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་དང་ཁྲིད་སྟོན་གནང་།

        སི་ཁྲོན་ཉིན་རེའི་ཚགས་པར་ཚོགས་པའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཐད་གཏོང་བྱེད་གནས་སུ་ཕེབས་སྐབས། ཀན་ལིན་གྱིས་ཡུལ་དངོས་ནས་སི་ཁྲོན་ཉིན་རེའི་ཚགས་པར་གྱི་པར་ངོས་བཀོད་སྒྲིག་དང་སི་ཁྲོན་གྱི་གསར་འགྱུར་སྨྱན་སྦྱོར་ཚོགས་པ། ཧྭ་ཤིས་སྨྱན་སྦྱོར་ཚོགས་པ་བཅས་དྲིལ་བསྒྲགས་བྱེད་ཡུལ་གལ་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། སི་ཁྲོན་ཉིན་རེའི་ཚགས་པར་ལ་ལྟ་ཞིབ་དང་དཔེ་ཐུམ་གསར་འགྱུར་དང་སྨྱན་སྦྱོར་གསར་འགྱུར་གཉིས་གཅིག་འདྲེས་བྱུང་བའི་གནས་ཚུལ་སྙན་ཞུ་བཅས་ལ་གསན་འཇོག་གནང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་ཀྲུང་དབྱང་གི་གནས་ཚུལ་དྲིལ་བསྒྲགས་ལྟེ་གནས་སུ་ཕེབས་ནས། ཀན་ལིན་གྱིས་བཅར་འདྲི་མཁན་དང་སྒྲིག་སྦྱོར་བ་རྣམས་དང་སྙིང་ཉེ་བའི་བགྲོ་གླེང་གནང་ནས། ཐད་གཏོང་ཁང་སོགས་བཅར་འདྲི་དང་རྩོམ་སྒྲིག་བྱེད་གནས་ཀྱི་གནས་ཚུལ་ལ་འདྲི་ཞིབ་ཞིབ་ཕྲ་གནང་། ཀན་ལིན་གྱིས་ད་དུང་སི་ཁྲོན་གསར་འགྱུར་དྲ་བ་དང་ཁམས་པའི་བརྙན་འཕྲིན། ཁྲེན་ཏུའུ་གྲོང་ཁྱེར་གྱི་སྨྱན་སྦྱོར་གྱིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གསར་འགྱུར་དྲིལ་བསྒྲགས་བྱེད་པའི་བྱ་བའི་བཀོད་སྒྲིག་གི་གནས་ཚུལ་བཅས་ལ་རྒྱུུས་ལོན་གནང་།        ཀན་ལིན་གྱིས་ཏང་གི་2017ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསྡུ་འཚོགས་མ་བྱས་པའི་སྔོན་གྱི་ཚོགས་འདུ་གལ་ཆེན་ཅིག་ཡིན་པས། དོན་སྙིང་རྒྱ་ཆེན་ལྡན་པར་མ་ཟད་རྒྱལ་ཡོངས་ཀྱི་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད་པས། རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ལས་སྒྲུབ་པའི་འགན་འཁྲི་དང་ལས་འགན་ལག་ལེན་བྱེད་པ་དེར་ལྟ་ཞིབ་བྱེད་ཐེངས་གལ་ཆེན་ཞིག་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱུངས་བྱས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བའི་འཐབ་ཇུས་དེ་སི་ཁྲོན་དུ་ལག་བསྟར་དངོས་བྱས་པའི་གནས་ཚུལ་དྲིལ་བསྒྲགས་ལེགས་པོ་བྱས་ནས། ཁྱོན་ཡོངས་ནས་སི་ཁྲོན་སྐྱོང་བ་དང་སི་ཁྲོན་དར་སྤེལ་གཏོང་བའི་རྣམ་གྲངས་སོ་སོའི་བྱ་བའི་ཐད་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པར་མངོན་པར་བྱ་དགོས་བསྟན། 
        སྨྱན་སྦྱོར་དང་མཉམ་འདྲེས་ཡོང་བར་བྱེད་པའི་བླང་བྱ་འབུར་དུ་ཐོན་པར་བྱས་ནས། ལག་རྩལ་གསར་བ་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ་དང་འཐུས་མི་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་ལག་བསྟར་བྱས་པ་དེ་མངོན་པར་བྱས་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོགས་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཤིག་བསྐྲུན་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1