2017ལོའི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 03-03


        2017ལོའི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་ཚེས་གཉིས་ཉིན་པེ་ཅིང་ནས་ཚོགས་པ་དང་། སྲིད་གྲོས་ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཝང་གོ་ཆིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་བཀོད་སྒྲིག་གཙོ་བོ་མཚམས་སྦྱོར་བྱས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ། 
        གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། མགྲིན་ཚབ་པ་ཝང་གོ་ཆིན་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་དང་བཅས་པའི་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་མང་པོའི་གསར་འགོད་པའི་དྲི་བ་དང་ལེན་བྱས་པ་དང་། གསར་འགོད་པས་བཏོན་པའི་འབྲེལ་ཡོད་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས་ལ་བརྡར་ཤ་གཅོད་པའི་གནད་དོན་ལ་དམིགས་ནས། ཝང་གོ་ཆིན་གྱིས་གྲུབ་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་གྱི་གནས་ཚུལ་བརྗོད་པར་མ་ཟད་མ་འོངས་པར་ཡིད་ཆེས་བརྟན་པོ་ཡོད་པའི་ཚུལ་བསྟན།
        ཕྱི་རྒྱལ་གྱི་གསར་འགོད་པས་བཏོན་པའི་ཀྲུང་གོས་ལྷོ་ཕྱོགས་རྒྱ་མཚོ་དམག་དོན་ཅན་དུ་སྒྱུར་བའི་གནད་དོན་ཐད་ནས་ཝང་གོ་ཆིན་གྱིས་བཤད་རྒྱུར། ལྷོ་ཕྱོགས་རྒྱ་མཚོའི་གླིང་ཚོམས་ནི་ཀྲུང་གོའི་མངའ་ཁོངས་ཡིན་ལ། ཀྲུང་གོས་རྒྱལ་ཁབ་གཞན་པའི་མཁའ་འགྲུལ་རང་དབང་ལ་འཇིགས་སྣང་སྐུལ་བའི་དོགས་གཞིའི་གཏམ་བརྗོད་ནི་ཉེས་མེད་ཉེས་འགལ་བྱས་པ་ཞིག་ཡིན་ཞེས་བསྟན།
        ཚོགས་ཐོག་ཏུ་མགྲིན་ཚབ་པས་ད་དུང་རྒྱུད་གཅིག་ལམ་གཅིག་དང་གནད་ཕིགས་དབུལ་སྐྱོར། རིག་གནས་ཡིད་ཆེས་སོགས་ཕྱོགས་མང་པོ་ནས་གསར་འགོད་པའི་དྲི་བར་ལན་བཏབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1