ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-04


 

        ཟླ་གསུམ་པའི་ཚེས་གསུམ་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

 

        ཟླ་གསུམ་པའི་ཚེས་གསུམ་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཡུས་ཀྲེན་ཧྲེང་གིས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

 

        ཟླ་གསུམ་པའི་ཚེས་གསུམ་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཏུའུ་ཆིན་ལིན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

 

        ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཡུལ་དངོས།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་སོ་བཞི་ཚོགས་ཆེན་ལ་ཞུགས།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧིག་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥུན། ཁྲིན་ཡོན། ལུའུ་ཀྲན་ཀོང་། ཀྲིག་ཞོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མ་པེའོ། ཆི་ཞུའུ་ཁྲོན། ཁྲིན་ཞོ་ཀོང་། མ་ཕེ་ཧྭ། ལིག་ཞོ་ཧྥུན། ཝང་ཆན་མེན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

        ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

        ཏུའུ་ཆིན་ལིན་གྱིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་མཉམ་དུ་ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས།

        ཚོགས་ཆེན་སྟེང་ཐོག་མར་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

        ཡུས་ཀྲེན་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བྱ་བའི་སྙན་ཞུ་ཕུལ།                     ཡུས་ཀྲེན་ཧྲེང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་དྲུག་ལོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བརྒྱུད་རིམ་ཁྲོད་དུ་ཧ་ཅང་གལ་ཆེ་བའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་སྤོབས་པ་ཆེན་པོས་ལོ་རྒྱུསཀྱི་་ཁག་ཁུར་ཕྲག་ཏུ་བླངས་ཤིང་འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱས་པ་དང་རྙོག་འཛིང་གི་རྣམ་པར་ཁ་ལོ་སྒྱུར་ལ། བཅོས་སྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་མགོ་ཁྲིད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་དུས་རིམ་དུ་མདུན་སྐྱོད་བྱས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མཁྲེགས་གཏོར་གྱི་བྱ་བ་བསྒྲུབས་ནས་གྲུབ་འབྲས་མངོན་གསལ་བླངས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། གནས་བབ་གསར་བའི་འོག་ཏུ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ལ་བཀོད་སྒྲིག་གལ་ཆེན་བྱས་པ་ནི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པའི་གནད་འགག་གི་བྱེད་ཐབས་ཡིན། ཚང་འཛོམས་གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་གཏན་འཁེལ་གསལ་བོ་བྱས་པ་དེ་ལས་ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱས་པ་དང་། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་ཡུན་སྐྱོང་བདེ་འགོད་བྱེད་པར་དོན་སྙིན་གལ་ཆེན་ལྡན། ཀྲུང་གུང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཤིང་། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། ཞིབ་བཤེར་དང་ཞིབ་འཇུག་ཟབ་མོ་བྱས་ནས་གྲོས་མོལ་སྲིད་གླེང་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། དམངས་གཙོ་ལྟ་སྐུལ་གྱི་དངོས་ཕན་ཇེ་དྲག་ཏུ་སོང་ཞིང་མཐུན་སྒྲིལ་མཛའ་མཐུན་རྒྱ་ཆེར་སྤེལ་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་བོ་ཞིག་ཚུགས་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།

        ཡུས་ཀྲེན་ཧྲེང་གིས་གསུངས་རྒྱུར། ལོ་གཅིག་གི་རིང་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ། གཙོ་བོ་ཕྱོགས་བཞིའི་བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་པའི་ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་བཏང་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པར་བློ་འདོན་ཇུས་འབུལ་བྱེད་པ་བྱ་བའི་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྲིད་གྲོས་གྲོས་མོལ་དམངས་གཙོའི་འཛུགས་སྐྲུན་བཅོས་སྒྱུར་གལ་ཆེན་སྐོར་གྱི་བྱེད་ཐབས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་དང་། སྲིད་གྲོས་ཀྱི་ཞིབ་བཤེར་ཞིབ་འཇུག་རྨང་གཞི་རང་བཞིན་གྱི་ནུས་པ་ཇེ་ཆེར་བཏང་བ་བཅས་རེད་ཟེར། 

        ཡུས་ཀྲེན་ཧྲེང་གིས་ཕྱོགས་བདུན་ནས་འདས་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་སྤྱི་བསྡོམས་བྱས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་དངོས་འབེབས་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་འབྲེལ་ནས་རྟོག་ཞིབ་སྲིད་གླེང་བྱས་པ་དང་། ཤུགས་ཆེན་པོས་ཀྲུང་གོའི་སྙིང་སྟོབས་དར་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་ལ། དམངས་ཀྱི་དོན་དུ་འགན་འཁྲི་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ལེགས་བཅོས་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་ལ་ནུས་པ་ཆེན་པོ་བཏོན་པ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་བཏང་ཞིང་། མཛའ་འབྲེལ་བརྗེ་རེས་རྒྱ་ཆེར་སྤེལ་ཏེ། ཞང་ཀང་དང་ཨོ་མིན། ཐེ་ཝན་སྤུན་ཟླ་དང་ཕྱི་སྡོད་རང་མི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱེད་པར་ཤུགས་བསྣན་པ་དང་། སྲིད་གྲོས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱི་ཕྱོགས་མཛའ་མཐུན་འགྲོ་འོང་ཇེ་མང་དུ་བཏང་ཞིང་། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ཧུར་ཐག་སྒོས་སྲིད་གྲོས་བྱ་བའི་ཆུ་ཚད་ཇེ་མཐོར་བཏང་བ་བཅས་རེད་ཟེར།

        ཡུས་ཀྲེན་ཧྲེང་གིས་བསྟན་དོན། 2017ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུ་རེད། མི་དམངས་སྲིད་གྲོས་བྱ་བའི་སྤྱིའི་རེ་བ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྙིང་པོ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་སྲ་བརྟན་དུ་གཏོང་བ་དང་ལག་བསྟར་བྱེད་པ། མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཁག་དང་ཚོགས་ཁག་སོ་སོ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་རྩ་འཛུགས་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་སྙིང་གཉིས་ལ་དམིགས་ནས། སྲིད་གྲོས་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོར་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་བྱ་བའི་གཙོ་ཐིག་ཏུ་བྱེད་པ། བསམ་བློའི་སྣེ་ཁྲིད་དང་སྟོབས་ཤུགས་གཅིག་སྒྲིལ། སྲིད་གླེང་ཇུས་འབུལ། སྤྱི་ཁོག་ལ་ཞབས་འདེགས་ཞུ་བའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་སྟེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་རྒྱུ་དེ་ཡིན་ཟེར།

        2017ལོའི་བྱ་བའི་བཀོད་སྒྲིག་གི་སྐོར་གླེང་སྐབས། ཡུས་ཀྲེན་ཧྲེང་གིས་བསྟན་དོན། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་དམ་དུ་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་དགོས། ཧུར་ཐག་གིས་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བའི་ཐད་སྟོབས་ཤུགས་འབུལ་དགོས། ཞང་ཀང་དང་ཨོ་མིན། ཐེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མི་བཅས་བར་གྱི་མཐུན་སྒྲིལ་འབྲེལ་འདྲིས་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཕྱི་ཕྱོགས་མཛའ་མཐུན་འགྲོ་འོང་བཟང་པོར་སྤེལ་དགོས། མི་དམངས་སྲིད་གྲོས་བྱ་བ་དེ་ལག་ལེན་ཁྲོད་ནས་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

        ཡུས་ཀྲེན་ཧྲེང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཀྲུང་གུང་ཀྲུང་དབྱང་གིས་གཅིག་གྱུར་སྒོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ནས། བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། རེ་བ་གསར་བ་རབ་དང་རིམ་པ་བཏོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་མི་དམངས་སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་དམངས་གཙོའི་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པའི་ཐད་ནས་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱས། དེ་དག་གིས་གནས་བབ་གསར་བའི་འོག་གི་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་ཐད་གཞི་འཛིན་ས་འདོན་སྤྲོད་བྱས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་བསྟུན་པ་དང་ཞབས་འདེགས་ཞུ་བ། བརྟན་བརླིང་ངང་དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་བ། ལྟ་སྐུལ་བྱེད་ཤེས་པ་དང་དངོས་ནས་ལྟ་སྐུལ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་དགེ་མཚན་དང་ཁྱད་ཆོས་མངོན་པར་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པའི་ཐད་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་གྱི་ངོ་བོ་དང་གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་གཙོ་གནད་འབུར་ཐོན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རྣམ་པ་དང་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ཐད་ཀྱི་མགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཟེར།

        སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་ཡིས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལ་ཞུགས་པའི་སྡེ་ཁག་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པའི་རེ་བ་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པར་དམིགས་ནས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། བློ་འདོན་ཇུས་འབུལ་བྱས་ཏེ། གྲོས་གཞི་སྟོང་ལྔ་དང་བདུན་བརྒྱ་རེ་དགུ་སྤྲད། ཞིབ་བཤེར་བྱས་པ་བརྒྱུད་དེ། གྲོས་གཞི་སྟོང་བཞི་དང་ཉིས་བརྒྱ་དོན་དགུ་ཐོ་འགོད་བྱས་པ་དང་། 2017ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་བར་དུ། གྲོས་གཞི་ལས་བརྒྱ་ཆའི་གོ་དགུ་ལྷག་བསྒྲུབས་ཟིན་པ་མ་ཟད་ཕྱིར་ལན་བཏབ།

        ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གདན་དྲངས་པ་ལྟར་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཟུར་ཞུགས་བྱས་པ་དང་། རྒྱལ་ཁབ་སོ་སོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཟུར་ཉན་བྱས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1