སི་ཁྲོན་འཐུས་མི་ཚོགས་པས་གྲོས་ཚོགས་བསྡུས་ཏེ་ཝང་ཏུང་མིང་འཐུས་མི་ཚོགས་པའི་ཚོགས་གཙོར་བདམས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-04


        སྤྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པས་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གནང་།
        གྲོས་ཚོགས་སྟེང་ཝང་ཏུང་མིང་སི་ཁྲོན་འཐུས་མི་ཚོགས་པའི་ཚོགས་གཙོར་བདམས་པ་དང་། དབྱི་ལི་དང་ཁྲེན་ཀོང་ཀྲི། ཧོང་ཡན་རོང་། ཧོང་ཞིན་ཁྲུའུ། ཕིན་ཡུའུ། ལིའུ་ཏའོ་ཕིན་བཅས་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པར་བདམས། 
        གྲོས་ཚོགས་ལས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད། འཐུས་མི་ཚོགས་པའི་ཚོགས་བསྡུ་མི་སྣའི་གྲོས་ཚོགས་དགོངས་དོན་བརྒྱུད་སྒྲོག་བྱས། 
        ཝང་ཏུང་མིང་གིས་མི་འགྱངས་པར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་པ་འཚོགས་པ་ནི་གཅིག་སྡུད་སྒོས་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་འཚོགས་པར་དོན་སྙིང་གལ་ཆེན་ལྡན་པ་རེད། གྲོས་ཚོགས་སྟེང་ཝང་ཏུང་མིང་གིས་སི་ཁྲོན་འཐུས་མི་ཚོགས་པར་གཤམ་གསལ་གྱི་རེ་བ་གསུམ་བཏོན་པ་སྟེ། དང་པོ། ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་འཆར་འགོད་ལག་བསྟར་བྱ་དགོས། གཉིས་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་གནས་ཚུལ་ལ་རྨང་འཛུགས་ནས་ནན་ཏན་སྒོས་འོས་འགན་མཐའ་འཁྱོལ་བྱས་ནས་ལས་ཀ་ལེགས་པོར་བསྒྲུབ་དགོས། གསུམ་པ། ཚོགས་འདུའི་སྒྲིག་ལམ་བརྩི་སྲུང་བྱས་ནས་རང་འགུལ་སྒོས་སྣང་བརྙན་ལེགས་པོར་འགན་སྲུང་བྱ་དགོས་ཞེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1