སི་ཁྲོན་འཐུས་མི་ཚོགས་པས་དམངས་ཁྲིམས་སྤྱི་དོན་གྱི་འཆར་ཟིན་སོགས་ལ་གྲོས་ཞིབ་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13


        སྤྱི་ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སི་ཁྲོན་གྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས། དམངས་ཁྲིམས་སྤྱི་དོན་གྱི་བཟོ་བཅོས་འཆར་ཟིན་དང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་ཐག་གཅོད་ཀྱི་བཟོ་བཅོས་འཆར་ཟིན་གྱི་སྐོར། ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་པའི་འཐུས་མི་འདེམས་བསྐོ་བྱེད་ཐབས་ཀྱི་བཟོ་བཅོས་འཆར་ཟིན། ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་པའི་འཐུས་མི་འདེམས་བསྐོ་བྱེད་ཐབས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས། དེ་མིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཏུང་མིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱི་ལི་གཉིས་གྲོས་ཞིབ་གྲོས་ཚོགས་ལ་ཞུགས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་ཁྲེན་བཀང་ཀྲི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། ཚོགས་འདུའི་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་།ཆེས་མོའི་མི་དམངས་ཞིབ་དཔྱོད་ཁང་གི་ཆབ་སྲིད་པུའུ་ཡི་འགོ་འཛིན་ཝང་ཧོང་ཞང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ཀྱི་མི་སྣ་རྣམས་ཚོགས་པའི་ཁྲོད་ཡོང་ནས་བསམ་འཆར་ལ་གསན་འཇོག་གནང་།
        གྲོས་ཚོགས་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་དམངས་ཁྲིམས་སྤྱི་དོན་གྱི་བཟོ་བཅོས་འཆར་ཟིན།》དང《སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་ཐག་གཅོད།》སྐོར་གྱི་འཆར་ཟིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན།》བཅས་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་སྒྲོག་འདོན་བྱས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1