མི་འགྱངས་པར་རླངས་འཁོར་ལ་འདུག་ནའང་དངོས་མིང་འགོད་དགོས་པ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13


        

        ཉེ་ལམ། གསར་འགོད་པས་གྲོང་ཁྱེར་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི《འགྲུལ་བ་སྐྱེལ་འདྲེན་དང་སྐྱེལ་འདྲེན་ས་ཚིགས་ཀྱི་དོ་དམ་སྒྲིག་སྲོལ།》ཀྱི་བཟོ་བཅོས་ཐག་གཅོད་ལྟར་ཞིང་ཆེན་སྤྱི་བདེ་ཐིང་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤྱི་བསྒྲགས་འགྲེམ་སྤེལ་བྱས་པ་སྟེ། སྤྱི་ཟླ་4པའི་ཚེས་1ཉིན་ནས་བཟུང་རང་ཞིང་གིས་ཁྱོན་ཡོངས་ནས་རྒྱང་སྐྱོད་རླངས་འཁོར་གྱི་དངོས་མིང་ལམ་ལུགས་ལག་བསྟར་བྱ་རྒྱུ་རེད། 

      གྲོང་ཁྱེར་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་བསྒྲགས་ལྟར་སྤྱི་ཟླ་4པའི་ཚེས་1ཉིན་ནས་བཟུང་། ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱང་སྐྱོད་འགྲུལ་སྐྱེལ་རྒྱུན་ལམ་སོ་སོས་དངོས་མིང་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཞིང་གྲོང་གི་འགྲུལ་སྐྱེལ་རྒྱུན་ལམ་སོ་སོས་མིག་སྔར་ད་དུང་དངོས་མིང་ལམ་ལུགས་ལག་བསྟར་བྱ་རྒྱུ་མིན་ནའང་མ་འོངས་པར་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱ་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1