དགའ་ལྡན་སུམ་རྩེན་གླིང་གི་བྱམས་པ་གླིང་སྐོར།

པད་མ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 03-15


        བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནི་དགའ་ལྡན་སུམ་རྩེན་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བྱམས་པ་གླིང་སྐོར་ཡིན་པ་དང་། འདི་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་གལ་ཆེ་བའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན། དུས་བཟང་འདི་ལ་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་གྱིས་དད་གུས་ཀྱིས་རྟེན་མཇལ་བྱས་ནས་ལོ་འདིའི་ནང་མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པ། བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།

        ལོ་རེའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉེ་འཁོར་གྱི་མང་ཚོགས་དང་ས་ཐག་རྒྱང་རིང་ནས་ཡོང་བའི་ཡུལ་སྐོར་བ་ཁྲི་ལྷག་སུམ་རྩེན་གླིང་དུ་སྨོན་ལམ་ཆེན་མོ་འཚོགས་པར་ཞུགས་ནས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་པ་རེད།མར་རྒྱན་མཆོད་པ་དང་བྱམས་མགོན་བསུ་བ། གནས་སྐོར་བ། བསང་གཏོང་བ་སོགས་ནང་དོན་གཙོ་བོ་ཡིན་པའི་སྨོན་ལམ་ཆེན་མོ་འཚོགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1