ལོ་ངོ་སྟོང་གསུམ་སྔོན་གྱི་ཧྥ་ལའོ་ཡི་སྐུ་བརྙན་རྙེད་པ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-15


        ཉེ་སྔོན། ཨེ་ཅིབ་ཀྱི་གནའ་རྫས་རྟོག་ཞིབ་པས་ལོ་ངོ་3000ཡར་སྔོན་གྱི་ཨེ་ཅིབ་ཀྱི་ཧྥ་ལུའོ་ཡི་སྐུ་བརྙན་གསར་དུ་རྙེད། ཧྥ་ལུའོ་ཡི་སྐུ་བརྙན་དེ་གནའ་གྲོང་ཧེ་ལི་ཨོའུ་པོ་ལི་སི་ཡི་ལ་མེ་ཞི་སི་སྐུ་ཕྲེང་གཉིས་པའི་དགོན་པ་ཞིག་རོའི་ཉེ་འགྲམ་གྱི་འདམ་གཞུང་དུ་རྙེད་པ་རེད། མི་རྣམས་ཀྱིས་དེ་ནི་ལོ་རྒྱུས་ཐོག་ཆེས་གལ་འགངས་ཆེ་བའི་གསར་རྙེད་ཅིག་ལ་ངོས་འཛིན་བྱེད་བཞིན་འདུག ཆེད་རམས་པ་ཁེ་རོས་ལྗིད་འདེགས་འཕྲུལ་འཁོར་གྱིས་ཏུན་3ཅན་གྱི་ཧྥ་ལུའོ་ཡི་སྐུ་བརྙན་འདམ་གཞུང་ལས་བླངས། ཨེ་ཅིབ་དང་འཇར་མན་ནས་ཡོང་བའི་ཆེད་མཁས་པས་གསུངས་པ་ལྟར་ན། མཐོ་ཚད་ལ་སྨི་8ཡོད་པའི་ཧྥ་ལུའོ་ཡི་སྐུ་བརྙན་དེ་ནི་ཧྥ་ལུའོ་ལ་མེ་ཞི་སི་སྐུ་ཕྲེང་གཉིས་པ་ཡིན་ཤས་ཆེ་ཤིང་ཁོང་གིས་ལོ་ངོ་3000སྔོན་ལ་ཨེ་ཅིབ་དབང་བསྒྱུར་མྱོང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1