དམངས་ཁྲིམས་སྤྱི་སྲོལ་ཟླ་10པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ།》སྤྱི་ལོ་2017ལོའི་ཟླ་10པའི་ཚེས་1ཉིན་ལག་བསྟར་བྱ་རྒྱུ་རེད། 
        དམངས་ཁྲིམས་སྤྱི་སྲོལ་ལ་གཞི་རྩའི་སྒྲིག་སྲོལ་དང་སྤྱི་དམངས། ཁྲིམས་མི། ཁྲིམས་མཐུན་མ་ཡིན་པའི་མིའི་རྩ་འཛུགས། དམངས་དོན་དབང་ཆ། དམངས་དོན་གྱི་ཁྲིམས་ལུགས་བྱ་སྤྱོད། ཚབ་བྱེད། དམངས་དོན་འོས་འགན། གཏུག་བཤེར་དུས་ཆོད། དུས་ཚད་རྩིས་བཤེར་བཅས་དང་ཟུར་བཀོད་11 དོན་ཚན་206བཅས་འདུས། 
        དམངས་ཁྲིམས་སྤྱི་སྲོལ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ལྟར་མི་དམངས་གཙོ་བོ་ཡིན་པ་རྒྱུན་འཁྱོངས་དང་རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་ནས་འགོ་བརྩམས་པ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་རྒྱན་འཁྱོངས་བྱས་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པར་དམིགས་ཤིང་། རང་རྒྱལ་གྱི་དམངས་དོན་ཁྲིམས་སྐྱོང་ཉམས་མྱོང་ཕྱོགས་བསྡོམས་དང་རྒྱུན་འཛིན་བྱས་ཏེ་གནས་བབ་གསར་པའི་བླང་བྱ་གསར་པ་དང་བསྟུན་ནས་ཁྱོན་ཡོངས་ནས་མ་ལག་ལྡན་པར་རང་རྒྱལ་གྱི་དངམས་དོན་བྱ་འགུལ་གྱི་གཞི་རྩའི་སྒྲིག་ལུགས་དང་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་གཏན་འབེབ་མཛད་པ་རེད། 
        དམངས་ཁྲིམས་སྤྱི་སྲོལ་ནི་དམངས་དོན་ཁྲིམས་གཞུང་གི་ཐོག་མའི་བརྩམས་ཆོས་ཡིན་ལ། དམངས་དོན་ཁྲིམས་གཞུང་ཁྲོད་སྣེ་ཁྲིད་རང་བཞིན་གྱི་ཕན་ནུས་ལྡན་པ་རེད། རྗེས་མར་དམངས་དོན་ཁྲིམས་གཞུང་བཟོ་སྐབས་ལེའུ་དབྱེ་སྟེ་ཧ་ལམ་སྤྱི་ལོ་2018ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་སྤྲད་དེ་གྲོས་ཞིབ་བྱས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་དུས་རིམ་སོ་སོར་དབྱེ་ནས་གྲོས་ཞིབ་བྱས་རྗེས་སྤྱི་ལོ་2020ལོར་དམངས་དོན་ཁྲིམས་གཞུང་ལེའུ་སོ་སོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་སྤྲད་དེ་གྲོས་ཞིབ་བྱས་ནས་གྲོས་མཐུན་བྱུང་རྗེས་གཅིག་གྱུར་གྱིས་དམངས་དོན་ཁྲིམས་གཞུང་གྲུབ་པར་བརྩོན་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1