2020ལོར་ཞིང་གྲོང་གི་དབང་བོ་སྐྱོན་ཅན་གྱི་དུད་ཚང་ཡོངས་དུས་ལྟར་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-31


        ལོ་རེར་དབང་བོ་སྐྱོན་ཅན་གྱི་མིར་དམངས་འཚོས་འགན་ལེན་དང་ཡོང་འབབ་འཕར་བ། ལུས་ཁམས་གསོ་བ་སོགས“ས་ཡའི་ལས་གཞི་”གསུམ་ལག་བསྟར་བྱས་ཏེ། 2020ལོར་སླེབས་སྐབས་ཞིང་གྲོང་གི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་དུད་ཚང་གི་ཉེན་ཁ་ཅན་གྱི་ཁང་བ་བསྒྱུར་བཀོད་བྱེད་པ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བར་འགན་ལེན་བྱ་རྒྱུ་དང་། དེ་མིན་ཚོར་ནུས་དང་མིག་ཤུགས། རིག་སྟོབས་སོགས་ཞན་པའི་སློབ་ལོ་རན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་འོས་འགན་སློབ་གསོ་མྱོང་བའི་བསྡུར་ཚད་དེ་95%ལ་སླེབས་པ་བརྗོད་བྱ་གཙོ་བོ་བྱས་པའི《སི་ཁྲོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་ལས་དོན་སྐོར་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་འཆར་འགོད། 》དེ་ཉིན་འགའི་སྔོན་དུ་བཏོན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རེའི་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་ལ་ཕན་པའི་དམངས་ཕན་ལམ་ལུགས་ཀྱི་རྣམ་གྲངས་འགའ་ཁ་སྣོན་བྱས་ནས། ཁྲིམས་ལྟར་དབང་བོ་སྐྱོན་ཅན་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་འགན་ལེན་བྱ་རྒྱུ་རེད།
        རང་རེའི་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལས་དོན་སྐོར་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་རྣམ་གྲངས་བཅུ་བཞི་ཡི་མཛུབ་སྟོན་གཙོ་བོའི་ཁྲོད་དུ། ཁྱིམ་ཚང་གི་ཡོང་འབབ་དང་འཚོ་བའི་གསབ་དངུལ། རྒན་གསོ་འགན་བཅོལ། སྨན་བཅོས་འགན་ལེན། དབུལ་བྲལ་འགག་སྒྲོལ། ལུས་གསོའི་ཞབས་ཞུ་དང་འོས་འགན་སློབ་གསོ་སོགས་འདུས་ལ། དེ་དག་ནི་དམངས་འཚོ་འགན་ལེན་གྱི་ཐོག་ཏུ་གཞི་གཅིག་ཏུ་འདུས་ཡོད་ལ། དེའི་ཁྲོད་དུ་ཞིང་ཆེན་ཡོངས་ཀྱིས་ལོ་རེར་དབང་བོ་སྐྱོན་ཅན་གྱི་མི་ས་ཡ་ལྷག་གི་དམངས་འཚོས་འགན་ལེན་གྱི་ལས་གཞི་དང་། དབང་བོ་སྐྱོན་ཅན་གྱི་མི་ས་ཡ་ཡི་འབབ་འཕར་ལས་གཞི། དབང་བོ་སྐྱོན་ཅན་གྱི་མི་ས་ཡ་ཡི་ལུས་གསོའི་འདུ་འགོད་སོགས་ལག་བསྟར་བྱེད་པའི་རྣམ་གྲངས་གལ་ཆེན་ཁག་འདུས་ཡོད་པ་རེད། དབང་བོ་སྐྱོན་ཅན་གྱི་མི་ལ་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་འགན་ལེན་ཆ་རྐྱེན་དང་འཚམས་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ཚང་མ་འགན་ལེན་བྱེད་པ་མངོན་འགྱུར་ཡོང་བར་བྱས་ནས། དབང་བོ་སྐྱོན་ཅན་གྱི་མིར་ཕན་བདེ་བསྐྲུན་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་སུ་བཏང་ཐོག  དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མིར་འཚོ་བའི་ཁ་གསབ་སྤྲོད་པའི་ལམ་ལུགས་དང་དབང་བོ་སྐྱོན་ཅན་ཚབ་ཆེ་བ་ལ་ནད་གཡོག་ཁ་གསབ་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ལུས་གསོའི་རོགས་སྐྱོབ་ཀྱི་ལམ་ལུགས་བཙུགས་ནས་དབང་བོ་སྐྱོན་ཅན་གྱི་མིའི་སྡོད་ཁང་གི་གནད་དོན་སྔོན་ལ་ཐག་གཅོད་བཅས་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1