༄༅།།མཁྲིས་ནད་བཞི་བཅུ་རྩ་བདུན་ནི་གང་དག་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-14


      མཁྲིས་ནད་བཞི་བཅུ་རྩ་བདུན་ནི་གང་དག་ཡིན་ནམ། ལན།   འདི་དག་ཡིན་ཏེ། ནད་གཞི་མཁྲིས་པ་ཐང་ལ་ལྷགས་པ(ཚ་བའི་ནད)་དང་རླུང་གིས་འཇུ་བྱེད་མཁྲིས་པའི་གོ་ས་ཕྲོགས་ཕྱི་རུ་བྱེར་བ། མ་ཞུ་བད་ཀན་འཕེལ་བས་འཇུ་བྱེད་མཁྲིས་པའི་གོ་ས་ཕྲོགས་ནས་ཕྱི་རུ་བྱེར་བ། ཁྲག་གིས་འཇུ་བྱེད་མཁྲིས་བའི་གོ་ས་ཕྲོགས་ནས་ཕྱིར་ལ་བྱེར་བ་སྟེ་མེ་དྲོད་མཁྲིས་པ་གཞན་གྱི་གནས་གྱར་གྱི་དབྱེ་བ་གསུམ་དང་། ཕོ་སྐྲན་གྱི་མཁྲིས་པ་ཁ་ལུད་པ་དང་མཆིན་སྐྲན་གྱིས་མཁྲིས་པ་ཁ་ལུད་པ། མཁྲིས་སྐྲན་གྱི་མཁྲིས་བ་ཁ་ལུད་པ་བཅས་མཁྲིས་པ་ཁ་ལུད་གསུམ་དང་མཁྲིས་པ་ཁ་ཤོར་དང་། མགྲམས་ཚད་མཁྲིས་བར་བབས་པའི་རྩ་རྒྱུག་གི་ནད་དང་མཁྲིགས་ཚད་མཁྲིས་པར་བབས་པའི་རྩ་རྒྱུག་གི་ནད།   རིམས་ཚད་མཁྲིས་པར་བབས་པའི་རྩ་རྒྱུག་གི་ནད་བཅས་མཁྲིས་པ་རྩ་རྒྱུག་གི་དབྱེ་བ་གསུམ་དང་མཁྲིས་པ་ཤ་སེར་དང་མིག་སེར་གྱི་ནད་དེ་རིགས་ཀྱི་དབྱེ་བའི་མཁྲིས་ནད་བཅུ་གསུམ་དང་། མཁྲིས་བ་པགས་ལ་གྲམ་པ་དང་ཤ་ལ་རྒྱས་བ། རྩ་རུ་རྒྱུ་བ། རུས་ལ་ཞེན་པ། སྙིང་ལ་ཞུགས་པ། གློ་ལ་ཞུགས་པ། མཆིན་པ་ལ་ཞུགས་པ། མཆེར་བ་ལ་ཞུགས་པ། མཁལ་མ་ལ་ཞུགས་པ། ཕོ་བ་ལ་ཞུགས་པ། ལོང་དང་རྒྱུ་མ་ལ་ཞུགས་པ།ལོང་ལ་ཞུགས་པ། ལྒང་བར་ཞུགས་པ། མངལ་དུ་ཞུགས་པ། མགོ་ལ་ཞུགས་པ། མིག་ལ་ཞུགས་པ། རྣ་བ་ལ་ཞུགས་པ།སྣ་ལ་ཞུགས་པ་སྟེ་གནས་གྱི་དབྱེ་བ་བཅུ་དགུ་དང་འཇུ་བྱེད་ནད་དུ་གྱུར་བ་དང་མདང་སྒྱུར་ནད་དུ་གྱུར་བ། སྒྲུབ་བྱེད་ནད་དུ་གྱུར་བ།མཐོང་བྱེད་ནད་དུ་གྱུར་བ། མདོགས་གསལ་ནད་དུ་གྱུར་བ་སྟེ་རྐྱང་བ་ལྔ་དང་འཇུ་བྱེད་རླུང་དང་འདྲེས་བ། འཇུ་བྱེད་བད་ཀན་དང་འདྲེས་པ། མདངས་སྒྱུར་རླུང་དང་འདྲེས་པ། མདངས་སྒྱུར་བད་ཀན་དང་འདྲེས་པ།  སྒྲུབ་བྱེད་རླུང་དང་འདྲེས་པ།  སྒྲུབ་བྱེད་བད་ཀན་དང་འདྲེས་བ། མཐོང་བྱེད་རླུང་དང་འདྲེས་པ། མཐོང་བྱེད་བད་ཀན་དང་འདྲེས་བ། མདོག་གསལ་རླུང་དང་འདྲེས་བ། མདོག་བྱེད་བད་ཀན་དང་འདྲེས་པ་སྟེ་བྱེ་བྲག་དབྱེ་བ་བཅོ་ལྔ་བཅས་བསྡོམས་པའི་མཁྲིས་ནད་བཞི་བཅུ་རྩ་བདུན་དུ་བཤད་པ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1