རྔ་བ་ཁུལ་གྱིས་ལྔ་སྐྱོང་འགན་གསོ་དང་འགན་སྲུང་གི་ཚད་གཞིའི་འཕར་སྣོན་ལམ་ལུགས་འཐུས་ཚང་དུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-10


        ཉེ་ལམ། རྔ་བ་ཁུལ་དམངས་སྲིད་ཅུས་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ན་ནིང་རྔ་བ་ཁུལ་གྱིས་ལྔ་སྐྱོང་གི་ཁ་གཏད་ཡུལ་གྱི་འགན་གསོའི་ཚད་གཞི་ལེགས་བཅོས་བྱས་ཤིང་། ལེགས་བཅོས་བྱས་རྗེས་ཀྱི་ཚད་གཞི་ནི་ཁ་ཐོར་གྱི་འགན་གསོ་བྱེད་ཡུལ་ལ་མི་རེ་ཟླ་རེར་སྒོར་300དང་གཅིག་བསྡུས་ཀྱི་འགན་གསོ་བྱེད་ཡུལ་ལ་མི་རེར་ལོ་གཅིག་ལ་སྒོར་4800ལས་མི་ཉུང་སྟེར་དགོས་པ་རེད། 
        ད་ལོར་གནད་ལ་འཁེལ་བར་ཞིང་སྡེའི་ལྔ་སྐྱོང་དང་གྲོང་བརྡལ་གྱི་གསུམ་མེད་སོགས་ཀྱི་དབུལ་ཕོངས་མང་ཚོགས་ངོས་འཛིན་བྱ་ཆེད། མིག་སྔར་ཁུལ་ཡོངས་ནས་དབུལ་ཕོངས་མང་ཚོགས་ངོས་འཛིན་བྱེད་པའི་ལས་ཀ་འགོ་ཚུགས་པ་དང་ངོས་འཛིན་ལས་ཀ་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་ཁྱོན་ཡོངས་མཇུག་སྒྲིལ་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1