ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་སློབ་གླིང་གིས་བོད་སྐད་གཏམ་བཤད་འགྲན་བསྡུར་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-24


      ཉེ་སྔོན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་སློབ་གླིང་གིས་བོད་སྐད་གཏམ་བཤད་སྐབས་དགུ་པའི་འགྲན་བསྡུར་སློབ་གླིང་དེ་གའི་སློབ་མའི་ཚོགས་པས་གཙོ་གཉེར་འོག་སློབ་གྲྭའི་སློབ་མའི་བྱེད་སྒོ་ལྟེ་གནས་སུ་སྤེལ་ཞིང་། མདོ་དབུས་ཁམས་གསུམ་ནས་ཡོང་བའི་སློབ་གླིང་གི་འགྲན་ཞུགས་པ་བཅུ་གྲངས་ཀྱིས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ལས་རང་གི་ཡུལ་སྐད་མིན་པར་ཡུལ་སྐད་གཞན་པའི་ཐོག་ནས་གཏམ་བཤད་དང་། ཀློག་འདོན། སྒྲ་ཕབ་བྱས་པ་ཉན་ནས་བསྐྱར་འདོན་བཅས་ཀྱི་འགྲན་བསྡུར་བྱས་རྗེས། སློབ་མས་སྐད་ཆ་བཤད་པ་དང་། ཡི་གེ་ཀློག་འདོན་བྱས་པའི་སྒྲ་གདངས་དག་མིན་དང་གསལ་མིན་ལྟར་ཨང་རིམ་བསྒྲིགས་ཏེ་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་བསྩལ་ཡོད་པ་རེད། མཇུག་མཐར་སློབ་གླིང་གི་འགན་འཛིན་ཚེ་རིང་ཐར་ལགས་ཀྱིས་སློབ་མ་ཡོངས་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཐོག་ནས་ཕན་ཚུན་བར་སློབ་སྦྱོང་བྱེད་དགོས་དོན་དང་སློབ་སྦྱོང་བྱེད་ཐབས། དེའི་ཕན་ཡོན་བཅས་ཀྱི་ཐད་ནས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1