༄༅།།ཚུལ་མིན་གྱི་ཐབས་ལམ་སྤྱད་དེ་དངུལ་བསྐྱི་ཚུལ།

འབྲོང་སངས་ཀྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-02


    དྲ་ཐོག་གི་གྲངས་ཉུང་བསྐྱིས་དངུལ་ཟེར་བ་ནི་དོན་དམ་དུ་གཏའ་མ་འཇོག་མི་དགོས་པ་དང་ཁག་ཐེག་མེད་པའི་བསྐྱིས་དངུལ་ལམ་ཡང་ན་ཡིད་རྟོན་ཁག་ཐེག་མེད་པའི་བསྐྱིས་དངུལ་བྱ་བ་དེ་ཡིན། རྒྱལ་ནང་གི་ཚོང་ལས་དངུལ་ཁང་དེའི་རིགས་ཀྱི་བསྐྱིས་དངུལ་དག་གཙོ་བོ་ལས་ཁུངས་ཁག་གི་ཡོང་འབབ་བརྟན་པོ་ཡིན་པའི་མི་སྒེར་ལ་སྤྲོད་རྒྱུ་དང་། གཏའ་འཇོག་བསྐྱིས་དངུལ་གྱི་སྐྱེད་ཚད་སྤྱིར་བཏང་ལས་ཅུང་མཐོ་བ་ཡིན།
    ཚད་ལྡན་དངུལ་ཁང་གིས་བསྐྱིས་དངུལ་དེའི་རིགས་སྤྲོད་ལེན་གྱི་ཞིབ་བཤེར་ཧ་ཅང་ནན་མོ་ཡིན་པ་དང་།  མི་སྒེར་གྱི་ཐོབ་ཐང་དཔང་ཡིག(ཐོབ་ཐང་ལག་ཁྱེར་རམ་གཉེན་སྒྲིག་ལག་ཁྱེར་ལྟ་བུ)སོགས་ལས་གཞན་ད་དུང་གཏན་འཇགས་ཀྱི་སྡོད་གནས་དཔང་ཡིག་དང་ཁང་བ་གླ་བའི་གན་རྒྱ། བརྟན་འཇགས་ཀྱི་ཡོང་འབབ་ཡོང་ཁུངས་དཔང་ཡིག་སོགས་འབྲེལ་ཡོད་དཔང་ཡིག་རྣམས་འདོན་སྤྲོད་བྱ་དགོས། དུས་མཚུངས་སུ། གཟབ་ནན་གྱིས་ཞིབ་བཤེར་འགྲོ་ལུགས་བསྒྲུབ་སྟེ། ནུས་ལྡན་སྒོས་སྒེར་གྱི་ཡིད་རྟོན་བསྐྱིས་དངུལ་གྱི་ཉེན་ཁ་ལས་གཡོལ་དགོས།
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1