རང་ཞིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་སྤྱི་ཚོགས་དམངས་བློའི་རྟོག་ཞིབ་ལས་ཀ་ལེགས་བསྒྱུར་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-02


        ད་ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་། སྤྱི་ཚོགས་ལ་གདེང་འཇོག དམངས་ཀྱི་འདོར་བློར་བརྟག་དཔྱད་བྱེད་པའི་བྱ་བ་ལེགས་སྒྲིག་བྱས་ནས། ལོ་རེར་ཐེངས་གཉིས་ལ་བརྟག་དཔྱད་བྱེད་པ་ནས་ལོ་རེར་ཐེངས་རེར་བརྟག་དཔྱད་བྱ་རྒྱུར་བསྒྱུར་འགོད་བྱས། དེ་ལོ་རེའི་ཟླ་བཅུ་བའི་ཟླ་སྟོད་ནས་བཟུང་ཟླ་12བའི་ཟླ་སྨད་བར་དུ་བརྟག་དཔྱད་འབྲས་བུ་ཅིག་ལོན་པར་བྱ་རྒྱུ་རེད། འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་སྲོལ་སྲིད་གཙང་འཛགས་སྐྲུན་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་གིས་ཉེ་ཆར་འགྲེམ་སྤེལ་བྱས་པའི་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་གདེང་འཇོག་བྱེད་པའི་བྱ་བའི་སྐོར་གྱི་བརྡ་ཐོ་ཞེས་པའི་ཁྲོད་དུ་གཏན་འབེབས་བྱས།
        2011ལོ་ནས་ལོ་རེར་ཞིང་ཆེན་ཡོངས་སུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྤྱི་ཚོགས་ལ་གདེང་འཇོག་བྱེད་པའི་བྱ་བ་སྒྲུབ་པ་ནས་བཟུང་། ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་བར་འབྲེལ་བ་བྱེད་པའི་སྟེགས་བུ་ཅིག་བསྐྲུན་པར་མ་ཟད། གྲོང་ཁྱེར་དང་ཁུལ། རྫོང་། ཆུས་བཅས་ཀྱི་ཏང་ཨུས་ནན་ཏན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པའི་འགན་འཁྲི་གཙོ་བོར་སྐུལ་འདེད་དང་། རུལ་སོང་ལ་སྔོན་འགོག་དང་སྤྱོད་གཙང་དར་སྤེལ་གཏོང་བའི་རྣམ་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གཙོ་བོར་གྱུར། དེ་མིན་རུལ་སོང་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་རྣམ་པ་གསར་པ་དང་། གནས་ཚུལ་གསར་པ། ལས་འགན་གསར་པ་གཞིར་བཟུང་ནས། ངེས་པར་དུ་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྤྱི་ཚོགས་ལ་གདེང་འཇོག་བྱེད་པའི་བྱ་བ་གཏིང་ཟབ་སྒོས་བསྒྲུབ་དགོས་པ་རེད།
        གསར་འགོད་པའི་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཐེངས་འདིར་བརྟག་དཔྱད་བྱེད་ཐེངས་ལེགས་སྒྲིག་བྱས་པ་ལས་གཞན། ད་དུང་ཕྱོགས་གསུམ་ཐད་དུ་འགྱུར་ལྡོག་བྱུང་ཡོད་དེ། དམིགས་ཚད་གསར་འཛུགས་བྱེད་པ་དང་། ནུས་ལྡན་གྱི་མ་དཔེའི་གཞི་གྲངས། དྲི་ཤོག་འཆར་འགོད་སོགས་ཀྱི་ཐད་དུ། གོ་བདེའི་སྐད་ཆ་བཀོལ་ནས་བཅར་འདྲི་དང་ལེན་བྱེད་མཁན་གྱིས་འདྲི་གཞིའི་གོ་བ་ལོན་ཚད་ཇེ་མཐོར་བཏང་སྟེ། ནོར་འཁྲུལ་འབྱུང་ཚད་ཇེ་དམའ་རུ་གཏོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྤྱི་ཚོགས་ལ་གདེང་འཇོག་བྱས་པའི་མཇུག་འབྲས་ཡི་ཡིད་རྟོན་ཚད་ཇེ་མཐོར་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1