གྲོང་རྡལ་བརྒྱ་འཛུགས་སྐྲུན་དང་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-03


        སྤྱི་ཟླ་5བའི་ཚེས་2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ཨུའི་གྲོས་ཚོགས་ཐེངས་147པའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ།ཐཱན་ཉུང་འཕེལ་རྒྱས་དང་ཁྱད་ལྡན་གྲོལ་རྡལ་འཛུགས་སྐྲུན་དང་གསོ་སྐྱོང་བྱེད་པ་སོགས་ཀྱི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
        ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱིས་དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་ཚད་ལ་ཚོད་འཛིན་བྱེད་པའི་འཆར་འགོད་ལ་གྲོས་འཆམ་བྱུང་སྟེ། ཐཱན་ཉུང་འཕེལ་རྒྱས་གཏོང་བ་དེ་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཙོ་བོ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གཙོ་བོར་བཞག་ནས། ནུས་རྒྱུ་གཙང་མའི་མ་ལག་དང་ཐཱན་ཉུང་ཐོན་ལས་ཀྱི་མ་ལག་མགྱོགས་མྱུར་དུ་འཛུགས་པ་དང་། ཐཱན་ཕྱིར་གཏོང་ཚད་ཀྱི་ཚད་གཞི་གཞིར་བཟུང་ལས་རིགས་གཙོ་བོ་ཁག་ལྗང་མདོག་ལས་རིགས་སུ་གཞན་སྒྱུར་ཡོང་བར་སྣེ་ཁྲིད་བྱེད་པ།དེ་དང་དུས་མཉམ་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་ཐཱན་ཉུང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱིས་ཐཱན་ཕྱིར་ཕུད་ཚད་ལ་དོ་དམ་ཞིབ་ཕྲ་བྱས་ནས། གྲོང་ཁྱེར་དང་ཁུལ་སོ་སོའི་འཕེལ་རྒྱས་ཀྱི་དུས་རིམ་དང་ཐོན་ཁུངས་གི་སྤུས་ཚད། འཐབ་ཇུས་ཀྱི་གནས་བབ། སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་རྒྱུ་རྐྱེན་བཅས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ཐཱན་ཕྱིར་ཕུད་ཚད་ལ་ཚོད་འཛིན་བྱེད་པའི་དམིགས་ཡུལ་ལ་རིགས་བགར་གཏན་འབེབས་བྱ་དགོས་པའི་བླང་བྱ་བཏོན། དེ་མིན་འཆར་འགོད་ལས་རང་རེའི་ཞིང་ཆེན་གྱིས་ས་གནས་རང་བཞིན་གྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་པའི་ཁྲིམས་སྲོལ་དང་འབྲེལ་ཡོད་ཀྱི་ཚད་གཞི་གཏན་འབེབས་བྱས་ནས།ཐཱན་ཉུང་འཕེལ་རྒྱས་སུ་གཏོང་བར་གཞི་འཛིན་ས་ཅིག་སྤྲོད་པར་སྐུལ་འདེད་བཏང་།
        ཚོགས་ཐོག་ཏུ་གྲོང་རྡལ་བརྒྱ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་རྒྱ་བསྐྱེད་དང་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་དང་གསོ་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས། ས་གནས་སོ་སོ་དང་འབྲེལ་ཡོད་ཀྱི་སྡེ་ཁག་སོ་སོས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་སྲུང་འཛིན་དང་། ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། གྲོང་རྡལ་གྱི་གཞུང་ལམ་དང་། དྲ་བ་དོ་དམ། གད་སྙིགས་དང་བཙོག་ཆུ་ཐག་གཅོད་བྱེད་པ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། མུ་མཐུད་དུ་སློབ་གྲྭ་དང་། འཕྲོད་བསྟེན་ཁང་། རྒན་གསོ་ཁང་སོགས་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་དང་ཁྱད་ལྡན་གྱི་ཐོན་ལས་གསོ་སྐྱོང་། དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་གྲོང་རྡལ་བརྒྱ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་མུ་མཐུད་དུ་རྒྱ་བསྐྱེད་དུ་གཏང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1