རྒྱལ་སྤྱིའི་གདན་ཐོག་རི་བོའི་རི་སྐོར་དུས་ཆེན་སྤེལ་འགོ་ཚུགས།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-03


       

         བོད་ཟླ་བཞི་པའི་ཚེས་བརྒྱད་ནི་དར་མདོ་གདན་ཐོག་རི་བོ་རྒྱལ་སྤྱི་རི་སྐོར་དུས་ཆེན་ཡིན་ལ། ཉིན་དེ་དར་མདོ་གྲོང་ཁྱེར་གྱི་མང་ཚོགས་ལ་མཚོན་ན་དམངས་སྲོལ་དུས་ཆེན་ཧ་ཅང་ཆེན་པོ་ཞིག་ཡིན། གཞན་དུས་ཆེན་འདི་ནི་རྒྱལ་ཁབ་རིམ་པའི་དངོས་མིན་བཤུ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གི་རྣམས་གྲངས་ཞིག་ཀྱང་ཡིན།

        དར་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་དང་རླུང་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་སྤྲོ་སེམས་འཁོལ་ཞིང་ཁྱད་ཆོས་ཀྱིས་ཕྱུག གྲོན་ཆུང་དང་བདེ་འཇགས་ཀྱི་ཚད་གཞི་ལྟར་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་དར་རྒྱས་གོང་འཕེལ་ཡོང་པའི་བརྗོད་དོན་དམིགས་སུ་བཟུང་ནས། གསར་གཏོད་དང་གསར་སྤེལ་རང་བཞིན་ལྡན་པའི་དམངས་སྲོལ་དུས་ཆེན་བྱེད་སྒོ་ཞིག་སྤེལ་བ་རེད།
        རི་སྐོར་དུས་ཆེན་གྱི་སྐབས་སུ། དར་མདོ་གྲོང་ཁྱེར་གྱིས་དམངས་སྲོལ་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ། སྤྱི་ཟླ་5པའི་ཚེས་3ཉིན་སྐབས་བརྒྱད་པའི་དར་མདོ་གདན་ཐོག་རི་བོའི་རྒྱལ་སྤྱིའི་རི་སྐོར་དུས་ཆེན་སྤེལ་ཏེ། གདན་ཐོག་རི་བོར་ཐག་ག་ཆེན་པོ་བཤམས་པའི་མཛད་སྒོ་སྤེལ་བ་དང་། དེ་མིན་མང་ཚོགས་ཀྱིས་སྤྱི་ཟླ་5པའི་ཚེས་3ནས་ཚེས་5བར་ལྷ་མོ་རྩེ་དགོན་པར་རྡོ་རྗེ་ཆོས་ཚོགས་ལ་མཇལ་ཆོག་པ་རེད། གཞན་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་ཞབས་བྲོ་སོགས་ཀྱང་ཉམས་སུ་མྱོང་ཆོག་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1