རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2017ལོའི་ཁྲིམས་འཛུགས་ལས་ཀའི་འཆར་གཞི་ཡོངས་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-04


        ཟླ་5ཚེས་2ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2017ལོའི་ཁྲིམས་འཛུགས་ལས་ཀའི་འཆར་གཞི་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པ་རེད། འཆར་གཞི་ལྟར་ན། སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས་དེ་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས་སུ་བཟོ་བཅོས་བྱས་ཏེ་ཟླ་6པར་ཐོག་མ་གྲོས་ཞིབ་བྱ་རྒྱུ་རེད།
        ཁྲིམས་འཛུགས་འཆར་གཞི་ལྟར་ན། 2017ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ཀྱི་གྲོས་གཞིར་ཐོག་མར་གྲོས་ཞིབ་བྱ་རྒྱུར་ད་དུང་ཟླ་བ་6པར་ཞིང་པའི་ཆེད་ལས་མཉམ་ལས་ཁང་སྐོར་གྱི་བཅའ་ཁྲིམས་(བཟོ་བཅོས་)དང་།  སྤྱི་སྤྱོད་དཔེ་མཛོད་ཁང་སྐོར་གྱི་བཅའ་ཁྲིམས། ས་རྒྱུའི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། རྒྱལ་གླུའི་བཅའ་ཁྲིམས་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། ཟླ་བ8པར་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས་(བཟོ་བཅོས)དང་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་(བཟོ་བཅོས་)སོགས་ལ་གྲོས་ཞིབ་བྱ་རྒྱུ་བཅས་ཀྱང་ཚུད་ཡོད་པ་རེད།   
        ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་སྲོལ་འདི་དག་ལ་གྲོས་ཞིབ་བྱ་རྒྱུའི་དུས་ཚོད་ནི་གནས་ཚུལ་དངོས་ལ་གཞིགས་ནས་ལེགས་སྒྲིག་འོས་འཚམས་བྱ་རྒྱུ་རེད། ཁྲིམས་འཛུགས་ཀྱི་འཆར་གཞི་ལྟར་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་ལོར་ད་དུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལ་གཞིགས་ནས་ཁྲིམས་འཛུགས་ཀྱི་ཆ་རྐྱེན་ད་དུང་འཛོམས་མེད་པ་དང་སྔོན་ལ་ཚོད་ལྟ་བྱ་དགོས་རིགས་ལ་ཁྲིམས་ལྟར་དབང་སྐུར་བྱ་རྒྱའི་གཏན་འབེབས་དུས་ཐོག་ཏུ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1