ཞིང་ཆེན་ནང་ཁུལ་གྱི་བོད་ཁུལ་དབུལ་ཕོངས་རྫོང་32ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་ལྔའི་འཆར་གཞི།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10


        སྤྱི་ཟླ་5པའི་ཚེས་8ཉིན།  གསར་འགོད་པས་ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་དོན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  མིག་སྔར་ཞིང་ཆེན་ནང་ཁུལ་གྱི་བོད་ཁུལ་དབུལ་ཕོངས་རྫོང་ཁག་32ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་ལྔའི་འཆར་གཞི(2017ལོ་ནས2021ལོ།)དངོས་སུ་བཏོན་ཞིང་།  རོགས་སྐྱོར་གྲོང་ཁྱེར་(ཁུལ་དང་རྫོང་།)གྱི་མི་དམངས་སྲིད་གཞུང་གིས་རོགས་སྐྱོར་བྱ་ཡུལ་གྱི་རྫོང་(གྲོང་ཁྱེར།)མི་དམངས་སྲིད་གཞུང་དང་ལྷན་དུ་ཞིབ་བཤེར་བྱས་རྗེས།  ད་ལོ་སྤྱི་ཟླ་4པའི་ཟླ་སྨད་སྔོན་ནས་རོགས་སྐྱོར་བྱ་ཡུལ་གྱི་མི་དམངས་སྲིད་གཞུང་ལ་ལག་བསྟར་བྱ་ཆོག་པའི་ཆོག་མཆན་ཐོབ། 
        ལོ་སྔོན་མའི་སྤྱི་ཟླ་8པའི་ཚེས་21ཉིན།  ཞིང་ཆེན་ཡོངས་ཀྱིས་བོད་ཁུལ་དང་དབྱི་ཁུལ་གྱི་དབུལ་ཕོངས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་རྗེས།  ཞིང་ཆེན་ནང་ཁུལ་གྱི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་གཞི་སྔ་མ་“7+20”དེ་རེས་སྐོར་གསར་པ་“9+32”ལ་རྒྱ་བསྐྱེད་པ་རེད།  ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་དོན་ཁང་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་མགྱོགས་མྱུར་ངང་《ཞིང་ཆེན་ནང་གི་བོད་ཁུལ་དབུལ་ཕོངས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ།》འགྲེམས་སྤེལ་བྱས།  ཁ་གསལ་པོས་ཕྱོགས་གཉིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ནི་ལས་འགན་གཙོ་བོ་འཛིན་དགོས་པ་དང་།  རེས་སྐོར་གསར་པའི་བོད་སྐྱོར་འཆར་འགོད་སྒྲིག་འཛུགས་བྱེད་པ།  དུས་ལྟར་དབུལ་སྒྲོལ་མངོན་འགྱུར་ལ་འགན་ལེན་བྱ་དགོས་ཞེས་བསྟན། 
        ས་ཆ་སོ་སོས་བོད་སྐྱོར་འཆར་འགོད་ཡར་སྤྲད་རྗེས།  ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་ཆེད་དུ་གདན་ཞུ་བྱས་པའི་ཆེད་མཁས་པས་ས་ཆ་སོ་སོའི་འཆར་འགོད་ལ་གཅིག་བསྡུས་ཀྱིས་ཞིབ་དཔྱད་བྱས་པས།  འཆར་འགོད་ཀྱི་དམིགས་ཡུལ་རང་བཞིན་དང་།  ཕྱོགས་སྟོན་རང་བཞིན།  གོ་ཆོད་རང་བཞིན་བཅས་ལ་སྔར་ལས་ཤུགས་སྣོན་བྱས། རོགས་སྐྱོར་བྱ་ཡུལ་གྱི་དབུལ་ཕོངས་དུད་ཚང་གི་ད་ལྟའི་གནས་ཚུལ་དང་དབུལ་སྒྲོལ་འཆར་འགོད་ཀྱི་བཀོད་སྒྲིག་སོགས་ལ་ཁ་སྣོན་བྱས་པ་བརྒྱུད་ནས།  འཆར་འགོད་རྣམ་གྲངས་ཞིབ་ཕྲ་དང་སྙོམས་སྒྲིག་བྱས་པ།  འཆར་འགོད་རྣམ་གྲངས་ཁག་གི་དབུལ་སྐྱོར་ཕན་འབྲས་སོགས་ཀྱི་ནང་དོན་ཁ་གསལ་བྱས་རྗེས།  ས་ཆ་སོ་སོའི་འཆར་འགོད་ཀྱིས་གཞི་རྩའི་ཐོག་ནས་འཆར་འགོད་ལག་བསྟར་གྱི་རེ་བ་བསྐངས་ཐུབ་པ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1