བསྟན་འཛིན་སྒྲོལ་མ་ལ་རྒྱལ་ཡོངས་ཕུལ་བྱུང་ནད་གཡོག་པའི་གཟེངས་རྟགས་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-11



 

        སྐབས་106པའི་རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས་ཉེ་ལམ་པེ་ཅིང་དུ་འཚོགས་པའི་ཀྲུང་ཧྭའི་སྨན་གཡོག་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཕུལ་བྱུང་ནད་གཡོག་ལས་བྱེད་པའི་མཛད་རྗེས་ཚོགས་འདུའི་སྟེང་། དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་མཆིན་མཁྲིས་ཚན་ཁག་དང་པོའི་འགན་འཛིན་པ་བསྟན་འཛིན་སྒྲོལ་མ་ལ་རྒྱལ་ཡོང་ཕུལ་བྱུང་ནད་གཡོག་ལས་བྱེད་པའི་གཟེངས་རྟགས་ཐོབ། 

        བསྟན་འཛིན་སྲོལ་མ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་མཆིན་མཁྲིས་ཚན་ཁག་དང་པོའི་འགན་འཛིན་པ་ཡིན་ཞིང་། ཁོ་མོ་སྤྱི་ལོ་2011ལོར་བྱ་བར་ཞུགས་པ་ནས་བཟུང་སྨན་བཅོས་རུ་ཁག་དང་ལྷན་དུ་ཐུམ་འབུའི་ནད་ཀྱི་ནད་པ་མང་པའི་ས་ཁུལ་དུ་ནད་པར་རྟོག་ཞིབ་སྨན་བཅོས་བྱས་ཤིང་། ཁྱོན་བསྡོམས་སྤྱི་ལེ་ཁྲི་ལྔའི་ལམ་ཐག་ལ་བསྐྱོད་པ་དང་སྨན་བཅོས་བྱས་པའི་ནད་པ་4000ལྷག་ཟིན། བསྟན་འཛིན་སྒྲོལ་མས་ཐུམ་འབུའི་ནད་ཀྱི་འབྱུང་རྐྱེན་ལ་ངོས་འཛིན་བྱ་རྒྱུ་ནི་ནད་ཡམས་སྔོན་འགོག་གི་སྔོན་འགྲོ་ཡིན་པར་བསམ་ནས་རོང་འབྲོང་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ངན་པ་བསྒྱུར་བཀོད་དང་རྗེས་ལུས་ཀྱི་སྨན་བཅོས་འདུ་ཤེས་ལེགས་བཅོས་བྱེད་པར་འབད་པར་མ་ཟད། སྐད་གཉིས་ཀྱི་ཐུམ་འབུའི་ནད་ཀྱི་དྲིལ་བསྒྲགས་ལག་དེབ་དང་ཐུམ་འབུའི་ནད་ཀྱི་བདེ་ཐང་སློབ་གསོའི་བརྙན་སྒྲིག་བསྒྱུར་བྱས། ནད་པར་སྨན་བཅོས་བྱེད་པའི་གོ་རིམ་ཁྲོད་ཀྱང་བདེ་ཐང་དང་འབྲེལ་བའི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་ནད་པའི་བདག་སྐྱོང་གི་ནུས་པ་མཐོར་འདེགས་སུ་བཏང་བ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1