རང་རྒྱལ་གྱིས་ཁྲག་ཤེད་ཚད་འཇལ་རྣམ་གྲངས་ཆེན་པོ་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-19


 
        སྤྱི་ཚེས་17ཉིན་ནི་འཛམ་གླིང་གི་ཁྲག་ཤེད་མཐོ་ནད་ཉིན་མོ་ཐེངས་བཅུ་གསུམ་པ་དེ་ཡིན་ཞིང་། ཀྲུང་གོའི་ཁྲག་ཤེད་མཐོ་ནད་མནའ་འབྲེལ་གྱི་འོས་སྒུག་ཀྲུའུ་ཞི། ཧྲང་ཧའེ་གྲོང་ཁྱེར་ཁྲག་ཤེད་མཐོ་ནད་ཞིབ་འཇུག་ཁང་གི་འགོ་འཛིན། དགེ་རྒན་ཆེན་མོ་བ་ཝང་ཅི་ཀོང་གིས། ཀྲུང་གོའི་ཁྲག་ཤེད་མཐོ་ནད་ཚོད་འཛིན་བྱ་སྤྱོད་འཆར་གཞི་སྟེ། སྤྱི་ཟླ་ལྔ་པའི་ཁྲག་ཤེད་མཐོ་ནད་ཚད་འཇལ་ཟླ་བ་ཞེས་པའི་རྣམ་གྲངས་དངོས་སུ་ལག་བསྟར་བྱས་ནས། མི་ས་ཡ་གཉིས་དང་ལྔ་འབུམ་ཙམ་ལ་ཚད་འཇལ་བྱ་རྒྱུ་ཡིན་ཞིང་། མི་རྣམས་ནས་ཁྲག་ཤེད་མཐོ་ནད་ལ་དོ་ཁུར་མང་ཙམ་བྱེད་པ་དང་། ཁྲག་ཤེད་མཐོ་ནད་ཤེས་རྟོགས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ཁྱབ་བསྒྲགས་གནང་འདུག
        རྣམ་གྲངས་དེ་རྒྱལ་ཡོངས་ཁྱབ་ཁོངས་ནང་རྫོང་དང་གྲོང་ཁྱེར་ཁུལ་བཅས་100འདེམས་རྒྱུ་དང་། ས་གནས་ཁག་གིས་ཁྲག་ཤེད་མཐོ་ནད་ས་ཚིགས་10རེ་འདེམས་ནས་བསྟུད་མར་ཉིན་ཉི་ཤུ་རྩ་ལྔའི་རིང་མི་ས་ཡ་གཉིས་དང་ལྔ་འབུམ་ཙམ་ལ་ཁྲག་ཤེད་ཚད་འཇལ་བྱས་ཏེ། སྤྱི་དམངས་ཀྱི་ཁྲག་ཤེད་མཐོ་ནད་ཚད་འཇལ་བྱེད་པའི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་མཐོ་རུ་གཏོང་བ་དང་། གྲོང་མི་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲག་ཤེད་མཐོ་ནད་ཤེས་རྟོགས་ཐུབ་པ། སྨན་བཅོས་དང་ཚོད་འཛིན་བྱེད་ཚད་མཐོ་རུ་གཏང་རྒྱུ། ཁྲག་ཤེད་མཐོ་ནད་དོ་དམ་མི་སྣའི་ཆེད་ལས་ནུས་པ་མཐོ་རུ་གཏང་རྒྱུ་བཅས་ཡིན་པ་རེད། 
        ཀྲུང་གོའི་ཁྲག་ཤེད་མཐོ་ནད་མནའ་འབྲེལ་གྱིས། རྣམ་གྲངས་དེས་རྒྱལ་སྤྱིའི་ཚད་ལྡན་ཅན་གྱིས་ཞིབ་བཤེར་བྱས་པའི་ཁྲག་ཤེད་མཐོ་ནད་ཚད་འཇལ་ཁྲག་ཤེད་འཇལ་ཆས་གདམ་ག་བྱས་ནས་ཁྱིམ་ཚང་ནང་ཁྲག་ཤེད་ཚད་འཇལ་བྱ་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1