སྤྱི་ལོ་2020ལོར་ནད་གཞི་ཆེ་རིགས་ཀྱི་སྐྱོབ་བཅོས་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཡོངས་ལ་ཁྱབ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-19


        གསར་འགོད་པས་སྤྱི་ཚེས་17ཉིན་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོགས་བྱས་པའི་ཆེད་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བདེ་ཐང་དབུལ་སྐྱོར་ལས་གཞིར་རྒྱབ་སྐྱོར་བྱེད་རྒྱུ་དང་། དབུལ་སྐྱོར་འགག་སྒྲོལ་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཆེད། རང་རྒྱལ་ས་གནས་ཁག་གིས་གྲོང་གསེབ་དབུལ་ཕོངས་མི་འབོར་གྱི་ནད་གཞི་ཆེ་རིགས་སྐྱོབ་བཅོས་འགན་ལེན་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་བཏང་ནས། གཞི་རྩའི་སྨན་བཅོས་འགན་ལེན་གཅིག་གྱུར་འཆར་འགོད་བྱེད་རྒྱུ་དང་། ནད་གཞི་ཆེ་རིགས་འགན་བཅོལ་བྱ་རྒྱུ། སྨན་བཅོས་རོགས་སྐྱོབ་བྱ་རྒྱུ། བདེ་ཐང་དབུལ་སྐྱོར་ཁ་གསབ་འགན་ལེན་བྱ་རྒྱུ་སོགས་རང་སོའི་ཁྱད་ཆོས་ལྡན་པའི་འགན་ལེན་བྱ་ཐབས་ཆགས་པ་བྱས་ནས། གྲོང་གསེབ་དབུལ་ཕོངས་མི་འབོར་གྱི་སྨན་བཅོས་འགྲོ་གྲོན་ཁུར་པོ་ཏན་ཏིག་གིས་ཡང་དུ་གཏང་རྒྱུ་ཡིན་པ་རེད། སྤྱི་ལོ་2020ལོར་སླེབས་དུས། དབུལ་ཕོངས་ས་ཁུལ་གྱི་མི་ཚང་མས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་། གྲོང་གསེབ་དབུལ་ཕོངས་མི་འབོར་གྱི་ནད་གཞི་ཆེ་རིགས་དུས་ཐོག་ཏུ་སྐྱོབ་བཅོས་ནུས་ལྡན་བྱེད་རྒྱུར་འགན་ལེན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།



 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1