འཆམ་མཐུན་གྱི་བཙན་ལྷ། འཕེལ་རྒྱས་ཀྱི་སྣང་བརྙན་གསལ་པོ་འདི་ན་བརྗིད།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 05-27




        ཐའེན་ཧྥུའུ་ཁྲེན་ཏུའུ། སྒེག་ལྡན་སི་ཁྲོན། ཁྲེན་ཏུའུ་ནི་ཐའེན་ཧྥུའུ་རྒྱལ་ཁམས་ཀྱི་མིང་དུ་གྲགས་ཤིང་། ཁྲེན་ཏུའི་ལྟེ་བའི་གྲོང་ཁྱེར་དང་ཐག་ཆེས་ཉེ་བའི་བཙན་ལྷའི་གངས་རིའི་ལྗོངས་ཁུལ་སྐུ་བླ་རི་བོ་ནི་ཐའེན་ཧྥུའུ་རྒྱལ་ཁམས་ཀྱི་སྐྱེད་ཚལ་ཕྱི་མ་རུ་གྲགས།


        བཙན་ལྷ་རྫོང་ཁོངས་སུ་སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་དང་ལིའང་ཧོ་ཁོའུ་མཛེས་ལྗོངས་ཁུལ། ཅ་ཅིན་རི་བོའི་ནགས་ཚལ་སྤྱི་གླིང་བཅས་ཀྱིས་མཚོན་པའི་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁོངས་དང་། དམར་དམག་རྒྱང་སྐྱོད་ཀྱི་ཤུལ་བཞག་རི་བོ་བཞི་དང་ཟམ་པ་བཞི། ཤུལ་བཞག་བཞི་བཅས་ཀྱིས་མཚོན་པའི་རྒྱང་སྐྱོད་རིག་གནས་ཀྱི་ཐོན་ཁོངས། རྒྱལ་རོང་བོད་དམག་ཉིང་པའོ་རུ་ཕྱིན་ནས་དབྱིན་ཇིའི་བཙན་འཛུལ་རྒོལ་བ་སོགས་ཀྱིས་མཚོན་པའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས། འབར་ཁམས་སྐོར་བྲོ་སོགས་ཀྱིས་མཚོན་པའི་མི་རིགས་རིག་གནས་ཐོན་ཁུངས་སོགས་རང་བྱུང་དང་མི་ཆོས་ཀྱི་ཐོན་ཁུངས་གྱ་ནོམ་པ་ཡོད། མཛེས་ཤིང་ལྷུན་ཆགས་པའི་རང་བྱུང་མཛེས་ལྗོངས་དང་རྒྱུན་རིང་བའི་ལོ་རྒྱུས་རིག་གནས། རྫོང་སྟུག་པའི་མི་རིགས་ཀྱི་ཁྱད་ཆོས་བཅས་ཀྱིས་བཙན་ལྷ་ལ་དཀྱེལ་ཡངས་དང་འཆམ་མཐུན། འཕེལ་རྒྱས། སྣ་མང་གི་རིག་གནས་ཁོར་ཡུག་ཅིག་ཏུ་གྲུབ་ཡོད།  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1