རང་བྱུང་གི་དངོས་བྲིས། ལྗང་མདོག་གི་ལེགས་བྲིས་རི་མོ་འདི་ན་མངོན།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 05-27


      

བཙན་ལྷ་རྫོང་གི་སྐུ་བླ་རི་བོའི་བརྗིད་ཉམས།

          སྐྱེ་ཁམས་ཀྱི་བཙན་ལྷ། རང་བྱུང་མཛེས་ལྗོངས་ཁྲ་ཁྲ་སིལ་སིལ། རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཅ་ཅིན་རི་བོ་དང་མུའུ་ཁྲེན་ཧའེ་ཙུ། མུའུ་ཨར་ཀྲའེ་ཀུའུ། དེ་མིན་ཆེས་ཡིད་དབང་འཕྲོག་པའི་ལིའང་ཧོ་ཁོའུ་མཛེས་ལྗོངས་ཁུལ་གསར་པ། ཧྥུའུ་པེན་ཏ་ཕིང་གི་ལུང་ཐུའོ་འགྲམ་ཐང་སོགས་བལྟས་ན་ཚར་རྒྱུ་མེད་པའི་མི་ཡུལ་གྱི་མཛེས་ལྗོངས་རྒྱལ་ཕྱི་ནང་གི་པར་པའི་པར་མིག་ནང་དུ་རྟག་བརྟན་དུ་གནས།

        འབའ་ནང་རི་བོའི་ཉག་ཁ་རུ་ལངས་པ་ན་རྒྱ་མཚོའི་འགྲམ་དུ་གནས་པ་དང་མཚུངས། མཐའ་ཡས་པའི་སྨུག་སྤྲིན་སྐབས་རེར་གོང་བུར་འཁྱིལ། ཡང་སྐབས་འགར་ཕྱི་རུ་ལྷོད་དེ་འགྱུར་བ་རྣམ་པར་བཀྲ་བའི་ཁྱད་མཚར་གྱི་སྤྲིན་མཚོའི་ལྟད་མོ་ཆེན་པོ་ཞིག་ཏུ་གྲུབ། སྟོན་དུས་ཀྱི་ཅ་ཅིན་གངས་རི་ནི་སྤང་ལྗོངས་ཆེན་པོ་ཞིག་སྟེ། མེ་ཏོག་སྣ་བརྒྱ་བཀྲ་ཞིང་བུང་བ་དང་ཕྱེ་ལེབ་ཀྱིས་གླུ་ལེན་གར་འཁྲབ་བྱེད། དེ་ཡང་ཆེས་ཡིད་དབང་འཕྲོག་པ་ནི་ལིའང་ཧོ་ཁོའུ་མཛེས་ལྗོངས་ཁུལ་གསར་པའི་ཧུང་ཆའོ་ཀུའུ། མ་ཅ་ཀུའུ། དབྱིན་ཁྲང་ཀུའུ། པཱ་ཝང་ཀུའུ། ཏ་ཕིང་གི་ལུང་ཐུའོ་འགྲམ་ཐང་ཡིན། མུ་འབྲེལ་གྱི་རི་ཚོགས། ལྷིང་འཇགས་ཀྱི་ནགས་ཚལ། དེ་མིན་ཉམས་དགའ་བའི་མཚེའུ་དང་སྤང་ལྗོངས་ཀྱིས་བཙན་ལྷའི་སྐྱེ་ཁམས་ཐོན་ཁུངས་ཀྱི་རྨི་ལམ་ལྟ་བུའི་རང་བྱུང་སྒེག་ཉམས་དགའ་བས་ངོམས།


ལྷ་མཚོའི་མཛེས་པ། 

        རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་སྐུ་བླ་རི་བོ་དང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཅ་ཅིན་རི་བོ། ཀུན་གྱིས་དང་བ་འདྲེན་པའི་ལིའང་ཧོ་ཁོའུ་མཛེས་ལྗོངས་ཁུལ་བཅས་ཀྱིས་སྐྱེ་བུ་མང་པོ་ཞིག་གི་སེམས་ངོགས་སུ་བརྗེད་དུ་མེད་པའི་ཕྱིར་དྲན་གྱི་མཛེས་སྡུག་བཀོད་ཡོད་སྲིད།

        སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། རྒྱལ་ཁབ་4Aརིམ་པའི་མཛེས་ལྫོངས་ཁུལ། རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་། ཨོ་ལོང་དང་སྐུ་བླ་རི་བོའི་དོམ་ཕྲའི་འཛམ་གླིང་རང་བྱུང་ཤུལ་བཞག་བར་ཁྱམས་བཅས་མིང་དུ་གྲགས་པའི་ལྗོངས་ཁུལ་ལྔ་ཡོད་པ་རེད། བཙན་ལྷ་རྫོང་ཁོངས་ཀྱི་བསྟར་ཕྲེང་བསྒྲིགས་པའི་གངས་རི་བཞི་པོ་ནི་མཆོར་སྒེག་གི་ཉམས་དོད་པའི་གཞོན་ནུ་མ་སྤུན་བཞི་དང་འདྲ་བར་ས་ཆེན་གྱི་སྒལ་གཞུང་དུ་ཀྲོང་ངེར་འགྱིང་ཡོད།  


གངས་ཀྱི་གཟི་བརྗིད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1