གསར་བརྗེ་ཡི་གནས་གཞི། རྒྱང་སྐྱོད་ཀྱི་སྙིང་སྟོབས་བརྗིད་པོ་འདི་ན་འབར།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 05-27


ཏ་ཡུང་དམག་དཔུང་མཉམ་འཛོམས་བྱེད་སའི་ཟམ་པ། 

        དམར་དམག་རྒྱང་སྐྱོད་ཀྱི་གསར་བརྗེའི་གནས་གཞི་ས་ཁུལ་ཏེ་བཙན་ལྷ་རྫོང་ནི་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་ཏུ་གྱུར། གནའ་ནས་ད་ལྟའི་བར་དུ་སྐད་གྲགས་ཆེ་ཞིང་གཟི་བརྗིད་ལྡན་པའི་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་། ལོ་རྒྱུས་ཀྱི་གནའ་ཤུལ་ཁྲོད་ངོ་མཚར་བའི་རྒྱང་སྐྱོད་ཀྱི་གཏམ་རྒྱུད། བོད་ཆའང་ཧའེ་རྒྱ་བཅས་རིགས་སོ་སོའི་མི་དམངས་ཀྱིས་ཉུང་ཟ་ཉུང་འཐུང་གིས་གྲོན་ཆུང་བྱས་ཏེ་དམར་དམག་རྒྱང་སྐྱོད་ལ་རོགས་སྐྱོར་བྱས་པ་སོགས་གསར་བརྗེའི་གནས་གཞིར་གླེང་མི་ཚར་བའི་གཏམ་རྒྱུད་ཡོད་ལ། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་མི་རབས་ནས་མི་རབས་བར་དུ་རྒྱུད་འཛིན་དང་དར་སྤེལ་བཏང་དང་གཏོང་བཞིན་ཡོད།

ལིའང་ཧོ་ཁོའུ་གྲོས་ཚོགས་རྗེས་དྲན་ཁང་། 

        ལོ་ངོ་བརྒྱད་ཅུ་གྱ་གཅིག་གི་ཡར་སྔོན་དུ། དམར་དམག་དཔུང་ཕྱོགས་དང་པོ་དང་དཔུང་ཕྱོགས་བཞི་པས་དགྲ་བོ་དང་ཁྱོད་ཤི་ང་གསོན་གྱི་དམག་འཐབ་བརྒྱབ་སྟེ། ཧུང་ཆོ་རི་བོ་དང་ཅ་ཅིན་རི་བོ་བརྒལ་ནས། མའོ་ཀུང་དུ་སླེབས་ཏེ་རྒྱལ་ཁའི་ངང་དམག་དཔུང་མཉམ་འཛོམས་བྱུང་། ཏ་ཡུང་བླ་མ་དགོན་དུ་ཚོགས་འདུ་འཚོགས་པ་དང་སི་ཧྥང་ཐའེ་ཙི་དང་ཁྲེན་ཧོང་དགོན། ཞོ་ཁྲང་པཱ་རུ་མཉམ་སྤྲོའི་དགོང་ཚོགས་བསྡུས། ཧྥུའུ་པེན་གནའ་ལམ་དུ་གསར་བརྗེའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། མའོ་ཀུང་གསར་བརྗེའི་གནས་གཞི་བཙུགས། ལིའང་ཧོ་ཁོའུ་རུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ། དམག་དཔུང་ལ་བཀོད་འདོམས་བྱས་ཏེ་བྱང་སྐྱོད་བྱ་རྒྱུ་ཐག་གཅོད་བྱས། གསར་བརྗེའི་གནས་གཞི་ས་ཁུལ་གྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་དམར་དམག་གི་སྙིང་སྟོབས་དེ་རྒྱུད་འཛིན་དང་དར་སྤེལ་བྱས་པ་ཡིས་བཙན་ལྷ་རྫོང་གི་གསར་བརྗེའི་གནས་གཞི་ས་ཁུལ་གྱི་ཡུན་རིང་བའི་ལོ་རྒྱུས་དེ་གྲུབ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1