སྐབས་བཅུ་གཅིག་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ་། སྤེལ་དུས། 06-01


        སྤྱི་ཟླ་5པའི་ཚེས་31ཉིན་གྱི་སྔ་དྲོར། སྐབས་བཅུ་གཅིག་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། གྲོས་ཚོགས་ཐོག་གཅིག་བསྡུས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་བཅས་ལ་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ཉིད་འཛུགས་སྐྲུན་ཐད་ལ་འབྲེལ་ཡོད་ཀྱི་ལས་དོན་སྐུལ་འདེད་གཏང་རྒྱུར་ཞིབ་འཇུག་བྱས། 《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ཐད་ཀྱི་བརྡ་སྦྱོར།》ལ་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།
        གྲོས་ཚོགས་སྟེང་། སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་གཅིག་བསྡུས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་སྟེང་གི་གསུང་བཤད་གལ་ཆེར་སློབ་སྦྱོང་དང་བསྐྱར་སྦྱོང་བྱས་ཤིང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ།》དང《ཀྲུང་གོ་གུང་ཁྲན་ཏང་སྤྱོད་གཙང་རང་གཅུན་གྱི་ཚད་གཞི།》《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཆད་གཅོད་ཀྱི་ཁྲིམས་སྲོལ།》《ཀྲུང་གོ་གུང་ཁྲན་ཏང་འགན་ཁྲིད་རྩད་གཅོད་ཀྱི་ཁྲིམས་སྲོལ། 》《ཀྲུང་གོ་གུང་ཁྲན་ཏང་ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྲིམས་སྲོལ།》《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་ལས་དོན་ཁྲིམས་སྲོལ།》《ཀྲུང་དབྱང་ཆབ་སྲིད་ཅུས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུའི་གཏན་འབེབས་དོན་ཚན་བརྒྱད། 》《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ལས་དོན་སྒྲིག་སྲོལ།》《ཀྲུང་གོ་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལས་ཀ་ཐག་གཅོད་པའི་སྒྲིག་སྲོལ།》《ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“དྲང་གསུམ་ནན་གསུམ”གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།》《ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུའི་གཏན་འབེབས་དོན་ཚན་བཅུ།》བཅས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ལ་སློབ་སྦྱོང་དང་བསྐྱར་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཞན་དག་གིས་བསམ་བློ་དང་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྔ་རྗེས་སུ་གཏམ་བཤད་གནང་། 
        གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ནང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་འཛིན་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཆེན་གྱི་འགོ་ཁྲིད་གཞན་དག་གིས་སྣེ་ཁྲིད་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་འགྲེམ་སྤེལ། ལག་བསྟར་བྱ་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་མིག་སྔར་གྱི་ལས་དོན་དང་ཟུང་འབྲེལ་བྱ་དགོས། གྲོང་ཁྱེར་(ཁུལ)དབུལ་ཕོངས་རྫོང་དང་དཔལ་འབྱོར་ཁུལ་གྱི་ལས་དོན་ཐད་ཀྱི་འབྲེལ་འདྲིས་དང་སྣེ་ཁྲིད་ལ་སྐུལ་འདེད་གཏང་དགོས་པར་མ་ཟད། གཞི་རིམ་གྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་བཅོད་བྱེད་རོགས་དང་ཏང་གི་འཐུས་མི་ཚོགས་ཆེན་གྱིས་བཀོད་སྒྲིག་བྱས་པའི་ལས་དོན་ཁག་དོན་འཁྱོལ་སྐུལ་འདེད་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1